སེམས་ཀྱི་ཉི་ཟླ་རྫོང་གིས་ཤང་དང་གྲོང་རྡལ་གྱི་སྲིད་གྲོས་ལས་ཁང་བཙུགས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-05-21

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་བསྟར་བྱས་ནས་བཟུང་།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྲིད་གྲོས་ཀྱིས་ཧུར་ཐག་ངང་སྲིད་གྲོས་ལས་ཀའི་གནས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་བསྟུན་ནས།རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11ལ་སྲིད་གྲོས་ལས་ཁང་བཙུགས་ཏེ།ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།མི་དམངས་སྲིད་གྲོས་ཀྱི“ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པ”སོགས་ཀྱི་འགན་ནུས་ཡག་པོ་སྒྲུབ་པར་ཧུར་བརྩོན་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།སྲིད་གྲོས་ལས་ཁང་ནི་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པས་ལས་བགོས་འགན་གཉེར་བྱེད་པ་དང་།འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་གྱིས་གཞུང་ལས་ཁང་གི་ཀྲུའུ་རེན་ཞོར་འཛིན་བྱེད་ཡོད།སྲིད་གྲོས་ལས་ཁང་བཙུགས་པ་དེ་ནི་སྲིད་གྲོས་ལས་ཁུངས་ཀྱིས་སློབ་གསོ་དང་ལག་བསྟར་བྱེད་པ་དང་།མང་ཚོགས་དང་དངོས་སུ་འབྲེལ་འདྲིས་བྱེད་པ།མང་ཚོགས་ལ་ཞབས་འདེགས་ཞུ་བ།སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བློ་འདོད་ཡང་དག་གིས་ཁོང་དུ་ཆུད་པ།དཀའ་གནད་ཐག་གཅོད་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པའི་ལས་སྟེགས་གསར་པ་བཙུགས་ཡོད།སྲིད་གྲོས་ལས་ཁང་ལས་འགོ་བརྩམས་རྗེས།རྫོང་སྲིད་གྲོས་དང་།ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་།སྲིད་གྲོས་ཨུ་ཡོན་ཁ་ཤས་དང་བཞུགས་མོལ་བྱས་ནས།ཤང་དང་གྲོང་རྡལ་གྱི་སྲིད་གྲོས་ལས་ཁུངས་ཀྱི་སློབ་གསོ་དང་ལག་བསྟར་བྱེད་སྒོ་དང་།སྲིད་གྲོས་ལས་ཀ་སོགས་ཀྱི་ཐད་སོ་སོའི་བསམ་འཆར་ཉན་པ་མ་ཟད།ཤང་དང་གྲོང་རྡལ་ཁ་ཤས་ཀྱི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་པ་རེད།
 
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་མོང་གོལ་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ལ་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་དམིགས་བསལ་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།