བོད་ལྗོངས་ཀྱི་ཞིང་སྡེའི་གཞུང་ལམ་གཏོང་ཚད99.7%ལ་སླེབས་ཡོད་པ།

    ཀྲུང་གོའི་རླུང་འཕྲིན་དྲ་བ།    2014-05-19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཡོངས་ཀྱི་རྫོང74ལ་གཞུང་ལམ་བཏང་ཡོད་པ་དང་། གཞུང་ལམ་གཏོང་ཚད99.7%ལ་སླེབས་ཡོད་དེ། ཞིང་སྡེའི་གཞུང་ལམ་ལེགས་བཅོས་བྱུང་བ་ལས་བོད་ལྗོངས་རོང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་བྱུང་བ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བྱེད་པའི་ནུས་བ་ཆེན་པོ་བཏོན།

བོད་ལྗོངས་འགྲིམ་འགྲུལ་ཐིན་ཞིང་སྡེའི་གཞུང་ལམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡན་དབྱི་ཡིས་བཤད་རྒྱུར། ཞིང་སྡེའི་གཞུང་ལམ་གོང་འཕེལ་བྱུང་བ་ལས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྗེས་ལུས་ཡིན་པའི་རྣམ་པ་ཇེ་ལེགས་སུ་བཏང་བ་མ་ཟད། རོང་འབྲོག་ཁུལ་གྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་བཏང་བས། སིལ་ཏོག་སྐྱེལ་འདྲེན་བྱེད་པའི་ལམ་དང་། སྔོ་ཚོལ་སྐྱེལ་འདྲེན་བྱེད་པའི་ལམ། གནས་སྐོར་ལམ་ལྟ་བུའི་ཐོན་ལས་གཞུང་ལམ་མང་པོ་གྲུབ་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། 2013ལོ་ནས2015ལོའི་བར་གྱི་ལོ་གསུམ་རིང་ལ་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར115བཏང་སྟེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཤིང་། ཆ་རྐྱེན་དང་མཐུན་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་གཏོང་ཚད100%ལ་སླེབས་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཚེས19ཉིན་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་གཉིས་པའི“སྲིད་གྲོས་གླེང་སྟེགས”སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།