ཀྲུང་གོ་བོད་ཀྱི་དྲ་བ། 2014-05-19
ཀྲུང་གོའི་བོད་དྲ་བའི་འཕྲིན། ཟླ5བའི་ཚེས16ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོའི་ཀྲུང་གོའི་གནས་སྐོར་ཉིན་མོའི་མཚོ་སྔོན་བརྗོད་བྱའི་བྱ་འགུལ་ཏེ་སྐབས་བཅུ་གཉིས་པའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཚེས19ཉིན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་གནས་ཐང་ཆེན་དུ་སྤེལ་རྒྱུ་རེད།
ཐེངས་འདིའི་བྱ་འགུལ་ཁྲོད་མཛེས་སྡུག་ལྡན་པའི་མཚོ་སྔོན་རིག་གནས་ཡུལ་སྐོར་ཚོང་རྫས་མཛད་སྤྱོད་དུས་ཚིགས་ཏེ་སྐབས་གཉིས་པའི་གནས་སྐོར་ཚོང་རྫས་གསར་གཏོད་འགྲན་ཚོགས་དང་། གནའ་བའི་སྲང་ལམ——འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས། ཟི་ལིང་ལིས་མིན་ཚོང་ལས་སྲང་ལམ་གྱི་རིག་གནས་འགྲེམ་སྟོན་བྱ་འགུལ། ལ་གཞས་གླེང་སྟེགས། ཀོ་བརྙན་ཟློས་གར་སྲུང་སྐྱོབ་དང་རྒྱུད་འཛིན་གདན་ཞུའི་འགྲན་བསྡུར། མཚོ་སྔོན་རིག་གནས་ཡུལ་སྐོར་ཟས་རིགས་དུས་ཆེན། གཙམ་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་གྱི་གནས་སྐོར་ཡན་ལག་ཚོགས་ར་སོགས་ནང་དོན8འདུས་ཤིང་། བྱ་འགུལ་དེ་ད་ལོའི་ཟླ9བའི་བར་དུ་སྤེལ་རྒྱུ་ཡིན་པ་རེད།
རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས19ཉིན་གྱི“ཀྲུང་གོའི་གནས་སྐོར་ཉིན་མོར”དེར། མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་ཁུལ་དང་མཛེས་ལྗོངས་ས་ཚིགས། གནས་སྐོར་ཁེ་ལས་བཅས་ཀྱིས་དམངས་ཕན་བྱེད་ཐབས་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལྗོངས་རྒྱུ་ཁུལ་སྐོར་ཞིག་གི་སྒོ་འཛིན་རིན་གོང་ལ་ཚད་མི་འདྲ་བའི་སྒོ་ནས་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10