མཚོ་སྔོན་པོ་དྲ་བ། 2014-05-19
ཐེམ་ཆེན་རྫོང་གིས་སྐབས་ཐོག་མའི་སྐོར་བྲོ་འགྲན་སྡུར་སྤེལ་བ།
རྫོང་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དག་གིས་མི་རིགས་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་ཆེད། ཉེ་ཆར། ཐེམ་ཆེན་རྫོང་གིས་གར་གྱི་སྟངས་སྟབས་ངོམས་བཞིན་ ཐེམ་ཆེན་གསར་བའི་མདུན་མ་བསུ་ཞེས་པའི་སྐབས་དང་པོའི་སྐོར་བྲོའི་འགྲན་སྡུར་སྤེལ་བ་དང་། རྫོང་ཡོངས་ཀྱི་མང་ཚོགས1000ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས།
ཐེངས་འདིའི་འགྲན་སྡུར་ལ་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་། གྲོང་རྡལ། སློབ་གྲྭ་སོགས་ཀྱི་འགྲན་ཞུགས་རུ་ཁག17ཞུགས་ཡོད་ལ། སྐོར་བྲོའི་འགྲན་སྡུར་གཙོ་བོར་བཞག་ཐོག མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱའི་དྲིས་ལན་འདེབས་པ་དང་། སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ།
ཐེངས་འདིའི་སྐོར་བྲོ་འགྲན་སྡུར་གྱི་སྐར་མ་རྒྱག་པའི་བྱེད་ཐབས་ལ་ཡང་གར་གྱི་སྟངས་སྟབས་དང་གསར་གཏོད་ཀྱི་རྣམ་པའི་ཆ་སོགས་གཙོ་བོར་བཟུང་ནས་དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད། རྫོང་ཁྲིམས་འཛིན་སྡེ་ཁག་སོགས་ལས་ཁུངས6ལ་སྐོར་བྲོའི་འགྲན་སྡུར་གྱི་བྱ་དགའ་ཐོབ།
དེ་ཡང་རྒྱུས་ལོན་པ་ལྟར་ན། ཐེམ་ཆེན་རྫོང་གིས་གར་གྱི་སྟངས་སྟབས་ངོམས་བཞིན་ཐེམ་ཆེན་གསར་བའི་མདུན་མ་བསུ་ཞེས་པའི་སྐབས་དང་པོའི་སྐོར་བྲོའི་འགྲན་སྡུར་འདི་ནི་གུང་གཞོན་ཚོགས་པས་རྩ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ས་ཁུལ་འཛུགས་སྐྲུན་བྱེད་པ་ལ་དགོས་གལ་ཆེ་བའི་བྱ་འགུལ་ཞིག་ཀྱང་ཡིན་པར་མ་ཟད། ཐེངས་འདིའི་འགྲན་སྡུརབརྒྱུད་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཕ་ཡུལ་ལ་དགའ་བའི་འདུན་པ་ཇེ་དྲག་ཏུ་བཏང་བ་དང་། དུས་རབས་ལ་བསྟོད་གླུ་འབུལ་བཞིན་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་ནས། ཕྱོགས་ཡོངས་ནས་དཔལ་ཡོན་དང་འཆམ་མཐུན་གྱི་ཐེམ་ཆེན་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10