རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-05-19

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམིགས་བསལ་མཐོ་གནོན་གློག་འདོན་འཕེལ་རྒྱས་སུ་བཏང་ནས་གློག་ཤུགས་བཀོད་སྒྲིག་ལེགས་སྒྱུར་བཟང་བོ་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས་གྲོས་མོལ་དང་བརྗེ་རེས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

  ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་ཅོན་དང་ཉིན་ཙོང་རོས། ལིག་ཀྲིན་ཡ་སོགས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱིས་གློག་ཤུགས་བཟོ་ལས་དང་གློག་འདོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྟེང་དུ་སྔོན་ཐོན་ཡིན་པའི་དམིགས་བསལ་མཐོ་གནོན་ལག་རྩལ་གསལ་བོར་ཤེས་པ་དང་དམིགས་བསལ་མཐོ་གནོན་བཟོ་སྐྲུན་ཐད་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱས་ཡོད་པར་སྙམ། ཨུ་ཡོན་རྣམས་ཀྱིས་དམིགས་བསལ་མཐོ་གནོན་གློག་འདོན་འཛུགས་སྐྲུན་བྱེད་ན་ཀྲུང་གོའི་གནས་ཚུལ་དང་མཐུན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ལ་འཆར་འགོད་དང་ཚན་རིག་དང་མཐུར་པར་ལག་བསྟར་བྱེད་པ་དང་། གློག་ཤུགས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་ལ། ཚན་རིག་གི་ཐབས་ཇུས་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། གློག་ཤུགས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། གློག་ཤུགས་བཟོ་ལས་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཀྲང་ཆིན་ལིས། སུའུ་རོང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། བཞུགས་མོལ་ཚོགས་འདུ་མ་ཚོགས་པའི་སྔོན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི་ཆེད་དོན་རྟོག་ཞིབ་ཚན་ཁག་གིས་དམིགས་བསལ་མཐོ་གནོན་གློག་འདོན་འཛུགས་སྐྲུན་གནད་དོན་ཐད་ནས་པེ་ཅིན་དང་ཧི་ནན་སོགས་ས་ཁུལ་དུ་བྱ་བར་རྟོག་ཞིབ་བྱས།  །

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཞི་ཨར་བཱ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཐེམ་ཆེན་རྫོང་གིས་སྐབས་ཐོག་མའི་སྐོར་བྲོ་འགྲན་སྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།