ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་གཉིས་པའི“སྲིད་གྲོས་གླེང་སྟེགས”སྤེལ་བ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-05-22
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་གཉིས་པའི་སྲིད་གྲོས་གླེང་སྟེགས་སྤེལ་བ་དང་། པེ་ཅིན་སློབ་གྲྭ་ཆེན་མོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་། སློབ་དཔོན་ཆེན་མོ་ཅ་ཆིན་གོ་གདན་ཞུ་བྱས་ཏེ། “ཀྲུང་གོའི་ཕྱི་ཕྱོགས་འབྲེལ་གྱི་གནས་བབ་དང་འགན་འཁྲི”ཞེས་པའི་ཆེད་སྒྲིག་འཆད་ཁྲིད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཁྲིན་ཙུ་ཆན། པའོ་ཡས་ཀྲུ། རིན་ཆེན་རྣམ་རྒྱལ། མྰ་ཀྲུ་ཝུས། ཀྲང་ཧྲུག་ཁྲིན་བཅས་ཟི་ལིང་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོ་སོ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་མི་སྣ། དམངས་གཙོ་ཏང་ཁག་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁྲུའུ་རིན་པ་ཡན་གྱི་ལས་བྱེད་མི་སྣ་བཅས་ཀྱིས་འཆད་ཁྲིད་ལ་ཉན། ཅ་ཆིན་གོ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཡིན་པ་དང་། དུས་མཚུངས་སུ་ཀྲུང་ཧྭ་ཨ་མེ་རི་ཁའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྒྱལ་ཡོངས་ཐའེ་ཝན་ཞིབ་འཇུག་ཚོགས་པའི་ལས་འཛིན། ཀྲུང་གོའི་ཆབ་སྲིད་སློབ་ཚོགས་ཀྱི་ལས་འཛིན་སོགས་འགན་གཅིག་ལྕོག་དུ་ཁུར་ཡོད། ཞིབ་འཇུག་བྱེད་པའི་ཆེད་ལས་གཙོ་བོ་ནི་རྒྱལ་སྤྱིའི་ཆབ་སྲིད་དང་ཀྲུང་ཨའི་འབྲེལ་བ། ཀྲུང་གོའི་ཕྱི་འབྲེལ་དང་ཆུ་ངོགས་འགྲན་གཉིས་ཀྱི་འབྲེལ་བ་བཅས་འདུས། ཁོང་གིས་རྒྱལ་སྤྱིའི་གནས་བབ་དང་ཀྲུང་གོའི་ཕྱི་འབྲེལ་ལས་གནས་པའི་འགན་འཁྲི་བཅས་ནས་འགྲེལ་བཤད་གཏིང་ཟབ་མོ་སྤེལ་བས། ཚང་མས་དགའ་བསུ་ཆེན་པོ་ཐོབ།