སྐྱེ་ཁམས་ཀྱི་ཡུལ་མི་གནས་སྤོ་བྱས་ཏེ་འབྲོག་པ་གསོ་ཚགས་པར་གྱུར།

        2014-05-16

   མཚོ་སྔོན་རྨ་སྟོད་རྫོང་རྨ་ཆུ་ཤང་མགོ་ལོག་གྲོང་གསར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་རིང་རྨ་ཆུ་དང་ཧེ་ཧོ་ཤང་གཉིས་ཀྱི་དུད་ཚང189ཡི་མི་སྣ731གནས་སྤོས་བྱས་ཏེ་ཆགས་པ་དེ་རེད། ཀྲུང་གོའི་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་རོགས་རམ་བྱས་འོག་མགོ་ལོག་གྲོང་གསར་གྱི་འབྲོག་པ་དུད་ཚང10ཡིས་ཡོང་འབབ་མཐོ་བའི་ལུག་གསོ་སྤེལ་བྱེད་མཁན་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། སྤྱི་གཉེར་ཁང་དང་མཉམ་ལས་ཁང་།འབྲོག་པ་བཅས་མཉམ་ལས་བྱས་པའི་བྱེད་ཐབས་ཐོག་སྤྱོདནས་བཞོན་མ་གསོ་སྤེལ་དང་ལུག་སྡོམ་གསོས་རྒྱག་པ་རེད། འབྲོག་པ་ཁ་ཤས་ཀྱིས་ཕྱུགས་གཡོག་མཁན་བྱས་ཏེ་མཉམ་ལས་ཁང་གི་སྒོ་ཕྱུགས115དངབོད་ལུག་རྒྱུད་པའི་ལུག1555་གསོ་སྤེལ་བྱ་རྒྱུའི་ལས་འགན་ཁུར་ཡོད།
    འདི་ནི་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་རྨ་ཆུ་ཤང་མགོ་ལོག་གྲོང་ཚོར་ཕྱེའིཕྱུགས་གཡོག་མཁན་ཚེ་དབང་ལྷ་མོས་ཕྱུགས་རྭར་བོད་བརྒྱུད་ལུག་ལ་གཟབ་རྩྭ་གསོ་བཞིན་པ།
    
 
 
 
 
 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གླིང་གེ་སར་རྒྱལ་པོའི་སྨྱན་སྦྱོར་མང་ཐོན་ཁུངས་མཛོད་ཁང་ཐོག་མར་བསྐྲུན།
  • ལེ་ཚན་རྗེས་མ།:ལྷོ་ཁ་ས་ཁུལ་དུ་ཟླ7པའི་ཚེས1ཉིན་ནས་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།