ལྷོ་ཁ་ས་ཁུལ་དུ་ཟླ7པའི་ཚེས1ཉིན་ནས་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར། 2014-05-16
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཟླ5བའི་ཚེས13ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།ལྷོ་ཁ་ས་ཁུལ་གྱི་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་འཕེལ་རྒྱས་བྱུང་བའི་དགོས་མཁོ་དང་བསྟུན་ནས།ལྷོ་ཁ་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་གཞུང་ལས་ཁང་གིས་ཆོག་མཆན་གནང་བ་ལྟར། ལྷོ་ཁ་ས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ཀུང་ཟི་སྒོ་བྱང་བཀལ་ཏེ་དངོས་སུ་དབུ་བརྙེས་པ་རེད།
ལྷོ་ཁ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུའུ་སྐྱེལ་འདྲེན་དོ་དམ་ཁང་གི་མགོ་གཙོ་དབང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།མིག་སྔར་ལྷོ་ཁ་ས་ཁུལ་གྱིས་སྤྱི་སྤྱོད་རླངས་འཁོར་ས་ཚིགས61འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་།ད་ལོའི་ནང་ད་དུང་རླངས་འཁོར་ས་ཚིགས55བསྐྲུན་རྒྱུ་ཡིན་ཟེར།ད་ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལྷོ་ཁ་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།
གསར་འགོད་པས་རྒྱུས་ལོན་ལྟར་ན།མིག་སྔར་ལྷོ་ཁ་ས་ཁུལ་གྱི་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ལ་གླ་གཏོང་རླངས་འཁོར་ལས་གཞན་གྲོང་ཁྱེར་གྱི་རྒྱུན་ཚིགས་རླངས་འཁོར་འབྲིང་ཙམ་མ་གཏོགས་མེད།མི་རེར་ཐེངས་རེར་སྒོར2རེ་ལེན་བཞིན་ཡོད་པ་མ་ཟད། ལམ་ཐིག་གི་ཁྱབ་རྒྱ་ཆུང་ཧ་ཅང་ཆུང་། སྤྱི་སྤྱོད་རླངས་འཁོར་དངོས་སུ་སྤྱོད་འགོ་ཚུགས་རྗེས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་སོ་སོ་ལས་ལྷོ་ས་ཁུལ་གྱི་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་ངེས་རེད། །