ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ལས་ཀའི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2014-05-13

 ཟླ་བ5པའི་ཚེས9ཉིན་ནས་ཚེས10ཉིན་གྱི་བར་།ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ལས་ཀའི་གྲོས་ཚོགས་འཚོགས་པ་རེད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་ཝེ་ཧུང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁོ་ཙུན་ཕིང་གྲོས་ཚོགས་ནང་ཞུགས་ཡོད།
    གྲོས་ཚོགས་འདི་དུས་རིམ་གཉིས་བགོས་ནས་འཚོགས་པ་རེད།ཚེས9ཉིན་ལས་ཡུལ་དངོས་སུ་རྟོག་ཞིབ་བྱས།ལྟ་སྐོར་ཚོ་ཆུང་བཞི་བགོས་ནས་ཅང་ཡུའུ་གྲོང་ཁྱེར་དང་ཨན་རྫོང་།ཀོང་ཧན་གྲོང་ཁྱེར།ཀྲུང་ཅང་རྫོང་།ཅིན་ཐང་རྫོང་།ཨན་ཡོས་རྫོང་སོགས་རྫོང་དང་གྲོང་ཁྱེར17ལ་ཕྱིན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་ཚུལ་ལ་རྟོག་ཞིབ་བྱས།ཚེས10ཉིན་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས།ཧྲོན་ལིའུ་རྫོང་དང་མིང་དབྱི་རྫོང་།ཅང་དབྱང་རྫོང་སོགས་ཀྱིས་སྔོན་རྗེས་སུ་གཏམ་བཤད་བྱས།ཉམས་མྱོང་སྤེལ་རེས་བྱས་རྗེས་ཝང་ཏུང་མིང་གིས་གསུང་བཤད་གནང་ནས་ཉེ་བའི་ལོ་ཤས་རིང་རང་རེའི་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྔར་ལྷག་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ལ་སྐུལ་འདེད་གཏོང་རྒྱུར་ཡང་དུ་སྐུལ་སློང་དང་བཀོད་སྒྲིག་མཛད་པ་རེད།
    ཁོང་གིས་གསུངས་དོན།རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན་ཐོག་མར་ཐོན་ལས་འཕེལ་རྒྱས་གཏོང་དགོས་རྒྱུ་དེ་རེད།ས་གནས་ཁག་གིས་གནས་ཚུལ་དངོས་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ལས་འཕྲོད་སར་ཞིང་ལས་དང་།ཚོང་ལས་འཚམ་སར་འཚོང་རྒྱག་པ།ལྗོངས་རྒྱུ་འཕྲོད་སར་ལྗོངས་རྒྱུ་ལས་སྒོ་སྤེལ་རྒྱུ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ལྡན་འཕེལ་རྒྱས་དང་བསྣོལ་འདྲེས་བྱས་ནས་འཕེལ་་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
    ཞིང་པའི་ཡོང་འབབ་འཕར་སྣོན་བཏང་ནས་ཕྱུག་འགྱུར་བྱ་རྒྱུའི་རྣམ་པ་མངོན་སུམ་གྲུབ་རྒྱུས་དམིགས་འབེན་གཙོ་བོ་བྱས་ཏེ་ལྷོད་གཡེང་གཏན་ནས་མི་བྱས་ནས་ཞིང་ལས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱེད་དགོས།
    བཟོ་ལས་ལ་བརྟེན་ནས་རྫོང་འབྱོར་སྟོབས་ལྡན་པ་བཟོ་རྒྱུར་རྒྱུན་འཁྱོངས་བྱས་ནས་རང་ཡུལ་གྱི་མཐུན་རྐྱེན་ལ་དམིགས་ཏེ་གཙོ་ཁྲིད་ཐོན་ལས་ལེགས་འདེམས་བྱས་ཞིང་།བཟོ་ལས་ཀྱི་གཞི་ཁྱོན་ཆེན་པོ་བཟོས་ཏེ་འཕེལ་རྒྱས་ཀྱི་སྤུས་ཀ་མཐོར་འདེགས་གཏོང་དགོས།
    ཞབས་ཕྱི་ལས་རིགས་དེ་རྫོང་ཁོངས་དཔལ་འབྱོར་སྟོབས་ལྡན་བཟོ་རྒྱུའི་མི་མངོན་པའི་ནུས་ཤུགས་སུ་བརྩིས་ནས་དམ་འཛིན་བྱེད་དགོས།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་ནོར་སྲིད་ཀྱིས་ཞིང་ལས་སོར་ཆུད་སྐྱེ་འཕེལ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོ
  • ལེ་ཚན་རྗེས་མ།:བྱ་གཞུང་དབྱངས་བྷའི《ཕ་སའི་མགྱོགས་བྲིས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།