བྱ་གཞུང་དབྱངས་བྷའི《ཕ་སའི་མགྱོགས་བྲིས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

གྲགས་པ་རྒྱ་མཚོ།        2014-05-14

བྱ་གཞུང་དབྱངས་བྷའི《ཕ་སའི་མགྱོགས་བྲིས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ།  བྱ་གཞུང་དབྱངས་བྷས་བརྩམས་པའི2005ལོར་ཆོལ་གསུམ་བོད་ཡུལ་བསྐོར་དུས་ཀྱི་ཟིན་ཐོ་སྟེ་ལྷུག་རྩོམ་སྙན་ངག་མགྱོགས་བྲིས་དེབ《ཕ་སའི་མགྱོགས་བྲིས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།བྱ་གཞུང་དབྱངས་བྷ། སྨྱུག་མིང་ལ་གླག་མིག་ཀྱང་འབོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་དགེ་རྒན་གྱི་ལས་ཀ་གཉེར་མྱོང་། སྙན་ངག་དང་ལྷུག་རྩོམ་སྙན་ངག འབོལ་རྩོམ། རྩོམ་རིག་དཔྱད་བརྗོད། རྩོམ་རིག་དགག་སྒྲུབ། གཞས་ཚིག བསྒྱུར་རྩོམ་སོགས་རྩོམ་ལུས་སྣ་ཚོགས་པའི་བརྩམས་ཆོས་མང་དུ་མཆིས། 2008ལོར་རྩོམ་རིག་དཔྱད་བརྗོད་དེབ《རྩོམ་རིག་དང་མི》དཔར་དུ་བསྐྲུན། ཉེ་ཆར《ལྕམ་སི་ཏྲོ་ཡི་རང་བྱུང་བུ་སྐྱོང་མན་ངག》ཅེས་པའི་སློབ་གསོའི་དེབ་ཅིག་བསྒྱུར་བཞིན་པའི་སྒང་ཡིན། ད་ལྟ་དབུས་ལྷ་ས་དགེ་ལོས་སློབ་གླིང་གི་རྩོམ་རིག་དགེ་རྒན་དང་སློབ་གླིང་དེ་གའི་ཟླ་རེའི་ཚགས་པར《དགེ་འོས་ཚགས་པར》གྱི་གཙོ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད། སྔ་རྗེས་སུ་གངས་རྒྱན་མེ་ཏོག་སྐབས་དང་པོའི་རྩོམ་རིག་དཔྱད་བརྗོད་བྱ་དགའ་དང་། སྐབས་གསུམ་པའི་སྙན་ངག་བྱ་དགའ། སྐབས་བཞི་བའི་ཟླ་ཟེར་རྩོམ་རིག་བྱ་དགའ་སོགས་ཐུབ་མྱོང་།


 

  • ལེ་ཚན་སྔོན་མ།: ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ལས་ཀའི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ལྷོ་ཁ་ས་ཁུལ་གྱིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱ་ཁྱབ་གདལ་དུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།