རྒྱལ་ཁབ་ནོར་སྲིད་ཀྱིས་ཞིང་ལས་སོར་ཆུད་སྐྱེ་འཕེལ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་།

མིག་དམར་གྱིས་བསྒྱུར།        2014-05-12

  ཞིན་ཧྭ་གསར་འགྱུར་ཁང་ནན་ཅིན་ནས་འབྱོར་བའི་གཏམ་གསར།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལོ་འདིར་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀ་ལའང་བཅོས་བསྒྱུར་བྱེད་པའི་གོ་སྐབས་དང་འཕྲོད་པ་རེད། ཉེ་ཆར་ནོར་སྲིད་པུའུའི་པུའུ་ཀྲང་ལས་རོགས་པ་ཧུའུ་ཅིང་ལིན་གྱིས་གསུངས་རྒྱུར།ཕྱིན་ཆད་ཀྱི་ལོ་གསུམ་ནང་གཙོ་གནད་དུ་ཕྱོགས་ལྔའི་ཐད་ནས་བཅོས་བསྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།
    གཅིག་ནི་སྲིད་ཇུས་བྱེད་ཐབས་གསར་སྐྲུན་བྱས་ཏེ་ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུའི་རྣམ་པ་མངོན་འགྱུར་བྱ་རྒྱུ། མུ་མཐུད་ནས་རྒྱལ་ནང་གི་འབྲུ་རིགས་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཞིང་ལས་ཕྱིར་བགྲོད་པའི་གོམ་སྟབས་ཇེ་མགྱོ གས་སུ་གཏང་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད།
    གཉིས་ནི་རོགས་སྐྱོར་གྱི་ནང་རྐྱེན་གསར་སྐྲུན་བྱས་ཏེ་ནོར་སྲིད་ཀྱིས་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་གསར་སྐྲུན་དང་། ཞིང་ལས་ཐོན་སྐྱེད་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བའི་རྣམ་གྲངས་གཉིས་ཀྱི་ཚོད་ལྟའི་ལག་ལེན་གཞི་ཁྱོན་རྒྱ་བསྐྱེད་གཏང་རྒྱུ་ཡིན་པ་རེད།
    གསུམ་ནི་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གསར་སྐྲུན་བྱས་ཏེ་གཅིག་འགྱུར་གྱིས་ནགས་ཚལ་དང་རྩྭ་ཐང་། མཚེའུ། ཆུ་བོ་སོགས་ཞིང་ལས་དང་ནགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་རྒྱུ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏང་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་རྣམ་པ་མངོན་འགྱུར་བྱ་དགོས།
    བཞི་ནི་དབུལ་ཕོངས་མི་འབོར་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དང་དབུལ་ཕོངས་མི་འབོར་རང་ཉིད་ཀྱིས་འཕེལ་རྒྱས་གཏོང་བའི་འཇོན་ནུས་ཇེ་དྲག་ཏུ་གཏང་རྒྱུའི་དམིགས་ཡུལ་གཉིས་ལ་གཞིགས་ནས་སྲིད་ཇུས་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་འབྲེལ་མཐུད་བྱ་རྒྱུ་དང་། དགོས་མཁོ་དང་མ་དངུལ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྐྱོར་གསར་སྦོལ་དང་ས་ཁོངས་འཕེལ་རྒྱས་ཟུང་འབྲེལ་བྱ་རྒྱུ་དང་། ནོར་སྲིད་དབུལ་སྐྱོར་དང་སྤྱི་ཚོགས་དབུལ་སྐྱོར་ཟུང་འབྲེལ་བྱ་རྒྱུར་སྐུལ་སྤེལ་བྱས་ནས་ཏན་ཏིག་གིས་དབུལ་སྐྱོར་གནད་ལ་འཕིགས་ཚད་དང་ཕན་ནུས་ལྡན་པའི་རང་བཞིན་མཐོ་རུ་གཏོང་དགོས།
    ལྔ་ནི་དོ་དམ་ནང་རྐྱེན་བཅོས་བསྒྱུར་གསར་སྐྲུན་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྤྱོད་པའི་ཁེ་ཕན་མཐོ་རུ་གཏོང་དགོས། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་འགྱུར་སྙོམས་སྒྲིག་བྱས་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྱོང་བྱས་པར་བརྟེན། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་སྐུལ་འདེད་གཏོང་དགོས་པ་དེ་རེད།
  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་གིས་ལྔ་གཅིག་དུས་ཆེན་སྐབས་སུ་འགྲུལ་བ་འབུམ་གཅིག་དང་ཁྲི་གསུམ་ཉིས་བརྒྱ་སྣེ་ལེན་བྱས།
  • ལེ་ཚན་རྗེས་མ།: ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་ལས་ཀའི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།