མཚོ་སྔོན་ཉིན་རེའི་ཚགས་པར། རིན་ཆེན་མཚོ། 2014-05-09
ལྔ་གཅིག་དུས་ཆེན་སྐབས་སུ།ཁྲི་ཀ་རྫོང་གིས་ཡུལ་སྐོར་པ་འབུམ་གཅིག་དང་ཁྲི་གསུམ་ཉིས་བརྒྱ་སྣེ་ལེན་བྱས་པ་དང་།ཕྱོགས་བསྡུས་ཡོང་སྒོ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་གཅིག་ཁྲི་དགུ་ལ་སླེབས་ནས།དུས་མཉམ་དང་བསྡུར་ན་ཆ་སྙོམས་ཀྱིས་ཁ་སྣོན་བྱས་ཡོད།ལྔ་གཅིག་དུས་ཆེན་སྐབས་སུ་ཁྲི་ཀའི་ཡུལ་སྐོར་ཐད་ནས་ཁྱད་ཆོས་ཆེན་པོ་གསུམ་མངོན་ཡོད་དེ། དེ་ལས་གཅིག་ནི་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་གྱི་སྒོ་མོའི་ལའི་ཕུགས་ལམ་ཤར་གཏོང་བྱས་པ་དང་དུས་ཆེན་སྐབས་སུ་གཞུང་ལམ་གྱི་ལམ་ཡོན་མི་ལེན་པའི་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས།རང་གིས་རླངས་འཁོར་བསྐོར་ནས་ཁྲི་ཀར་ཡུལ་སྐོར་ལ་འགྲོ་མཁན་ཇེ་མང་དུ་སོང་བ་དང་།གཉིས་ནི་ལྔ་གཅིག་དུས་ཆེན་སྐབས་ཀྱི་གནང་བ་བེད་སྤྱད་དེ་ཞིང་སྡེ་རུ་ཡུལ་སྐོར་ལ་འགྲོ་བའི་ཡུལ་སྐོར་བ་དང་།ཞིང་བའི་སྤྲོ་ཁྱིམ་གྱི་ཡུལ་སྐོར་བ་ཇེ་མང་དུ་སོང་བ།གསུམ་ནི་འཕྲོ་རིམ་འཕྲོར་འཛུགས་སྐྲུན་བྱས་པའི་ས་གཤིས་སྤྱི་གླིང་དང་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་སོགས་མཛེས་ལྗོངས་ཁུལ་གྱིས་རྫོང་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོར་འདེགས་བྱས་ནས། ཁྲི་ཀའི་ཡུལ་སྐོར་ཐད་ཀྱི་འགུག་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10