ལི་ཁེ་ཆང་གིས་ཨེ་ཙེ་ཨོ་ཕི་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་དངོས་སུ་འཚམས་འདྲི་ཞུས།

གངས་སྐྱིད་ཀྱིས་བསྒྱུར།        2014-05-08

  ཞིན་ཧྭ་གསར་འགྱུར་ཁང་ཨེ་ཏི་སི་པ་པ་ནས་ཟླ་བ5པའི་ཚེས4ཉིན་འབྱོར་བའི་གཏམ་གསར། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་མ་ཨའེ་ལི་ཡ་མོ་དང་། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་ལས་རེས་ཀྲུའུ་ཞི། མོ་རི་ཐ་ནི་ཡའི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཆིན་ཙེ། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཙུའུ་མར་བཅས་ཀྱིས་གདན་འདྲེས་ཞུས་པར་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་བ5པའི་ཚེས4ཉིན་གྱི་ཕྱི་དྲོར་ཆེད་སྤྱོད་གནམ་གྲུ་བཞུགས་ཏེ་ཨེ་ཏེ་སི་ཨ་པ་པའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས་ཨེ་ཙེ་ཨོ་ཕི་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པུའུ་ལ་དངོས་སུ་འཚམས་འདྲི་ཞུས་འགོ་ཚུགས་པ་རེད།
    ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་བར་གྱི་རྒྱུན་སྲོལ་གྱི་མཛའ་བཤེས་ནི་ཟམ་མོ་ཡིན་ཞིང་། ཕྱོགས་གཉིས་ཀས་མཛའ་མཐུན་ཟོལ་མེད་དང་གཉིས་ཕན་གྱི་རྩ་དོན་རྒྱུན་འཛིན་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གཡུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨེ་ཙེ་ཨོ་ཕི་ཡ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པུའུ་གནས་ཡུལ་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་བར་གྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་མགྱོ གས་པོ་བྱུང་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་མཉམ་ལས་བྱས་ཏེ་ཡར་ཐོན་ཡོང་བའི་དར་ཆ་ལྟ་བུར་གྱུར་ཡོད། ང་རང་གིས་ཨེ་ཙེ་ཨོ་ཕི་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྣམ་པ་དང་ཕྱོགས་གཉིས་ཀ་དང་ཐུན་མོང་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་རྗེས་རེས་ཟམ་མོ་བྱས་ནས་ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་བར་གྱི་འབྲེལ་བ་དང་མཉམ་ལས་བྱ་རྒྱུ་མུ་མཐུད་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུའི་རེ་འདུན་འཆང་རྒྱུ་ཡིན།
    འཚམས་འདྲི་ཞུས་པའི་སྐབས་སུ། ལི་ཁེ་ཆང་གིས་ད་རུང་ཨེ་ཙེ་ཨོ་ཕི་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་པ་དང་གྲོས་མོལ་དང་མཇལ་འཕྲད་གནང་རྒྱུ་དང་། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བ་དང་། ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁར་ཕྱོགས་པའི་སྲིད་ཇུས་སྐོར་གསུང་བཤད་གནང་རྒྱུ་ཡིན་པ། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁ་བར་མཉམ་ལས་བྱས་པའི་རྣམ་གྲངས་ལ་གཟིངས་སྐོར་གནང་རྒྱུ། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁ་བར་གྱི་དཔལ་འབྱོར་ཉོ་འཚོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་འཐུས་ཚབ་དང་བཞུགས་མོལ་བྱ་རྒྱུ། ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁར་འོད་གསལ་སྐྱེལ་བའི་བྱ་སྤྱོད་སྤེལ་ནས་ཕན་པ་ཐོགས་ཐོབ་པའི་ནད་པར་གཟིགས་སར་འགྲོ་རྒྱུ་ཡིན་པ་རེད།
    པར་འདི་ནི་ལི་ཁེ་ཆང་དང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧའེ་ཨའེ་མ་ལི་ཡ་མོ་དང་གྲོས་མོལ་བྱེད་བཞིན་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་གཅིག་བསྡུས་ཀྱིས་མཐོ་སྒང་གི་མཛེས་སྡུག་གྲོང་གསེབ300བསྐྲུན་རྒྱུའི་འཆར་གཞི་
  • ལེ་ཚན་རྗེས་མ།:ཞིང་ལས་པུའུ་ཡིས་གྲོང་ཁྱེར་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་སྐབས་ཞིང་པའི་ས་ཞིང་ཁེ་དབང་སྲུང་སྐྱོང་ཡག་
  • དོ་སྣང་ཆེ་བའི་རྩོམ།