གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།(5)
ཐུབ་བསྟན་ཕུན་ཚོགས། 2010-09-08
བཅུ་དགུ་པ། བཀར་རྒྱ་ཉིས་གཤོར་བགྱི་བའི་རིམ་པ་ནི། གཞུང་གི་རྒྱུ་ནོར་དང་ཡུལ་སོ་སོའི་ཁྲལ་རིགས་ཀྱི་མ་ཡིག་ལ་ཞིབ་གཤེར་བྱས་ནས་སྔ་སྲོལ་རྒྱུན་འཁྱོངས་དང་ཕྱི་སྲོལ་གསར་གཏོད་བྱེད་རྒྱུ་སོགས་ཀྱི་སྐོར་རོ།
ཉི་ཤུ་པ། རྫོང་སྒོ་སོ་སོའི་རྫོང་སྡོད་ཀྱི་དཔོན་པོ་དག་གིས་བསྲུང་བྱ་དང་བསྒྲུབ་བྱ་གང་དང་གང་གཏན་འབེབས་བྱས་པ་སྟེ། དཔེར་ན་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང༌། བུད་མེད་ལ་བཙན་ཤེད་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤོང་དགོས་ཚུལ་དང༌། སངས་རྒྱས་བསྟན་པ་ལ་ཞབས་འདེགས་ཞུ་ཞིང༌། རྫོང་འོག་གི་མི་སེར་མགོ་འདོན་བྱེད་དགོས་པ་སོགས་ཀྱི་དོན་གཏན་འབེབས་བྱས་པ་ཞིག་ཡིན།
ཉེར་གཅིག་པ། གཞིས་གཉེར་གྱིས་བགྱིད་པའི་རིམ་པ་ནི། གཞིས་གཉེར་གྱིས་བྱ་བ་གཙོ་བོ་སོ་ནམ་ཡིན་ཞིང༌།
གཞིས་འོག་གི་ཞིང་པ་རྣམས་ཀྱིས་སོ་ནམ་བྱེད་ཡུལ་དང༌། སོན་འབྲུའི་ཚད་གཞི་སོགས་ཚོད་འཛིན་བྱེད་ཚུལ་སྐོར་གྱི་རྩ་ཁྲིམས་སམ་ཤེས་བྱ་སྐོར་གཏན་འབེབས་བྱས་པ་ཞིག་ཡིན། ཁྲིམས་ཡིག་འདིའི་ནང་དོན་ཞིབ་ཏུ་མཁྱེན་འདོད་ཡོད་པ་རྣམས་ཀྱིས་《དྭངས་ཤེལ་མེ་ལོང་》ཉིད་ལ་གཟིགས་ན་འཐུས་ཀྱང༌། ཁྲིམས་ཡིག་འདི་ནི་དོན་ཟབ་པ་དང་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་སྟོང་བ་ཞིག་ཏུ་སྣང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་ཆོས་སྲིད་གཉིས་ཀ་ལ་ཤིན་ཏུ་མཁས་པ་ཞིག་གིས་ཁྲིམས་ཡིག་འདི་ལྟ་བུ་ཞིག་བརྩམས་ཞེས་པ་ནི་ཡིད་ཆེས་དཀའ་འོ།
སྐབས་འདིར་བོད་ཡུལ་དང་འབྲེལ་བའི་ལུང་པ་ཁག་ཅིག་ཀྱང་བོད་ཀྱི་ཁྲིམས་ལུགས་དང་འབྲེལ་བ་ཡོད་པར་མཐོང་སྟེ་འབྲས་ལྗོངས་པ་བསྟན་སྲུང་རྣམ་རྒྱལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་བོད་ཀྱི་ཁྲིམས་ཡིག་ནང་དུ་དོགས་གནད་ཡོད་རིགས་དྲི་བ་བཅུ་གཅིག་ཙམ་དྲིས་ཡོད་པ་དང༌། དེ་ལ་སྡེ་སྲིད་ཀྱིས་ལན་བཏབ་པ་བཅས་མཁྱེན་པར་འདོད་ན་མ་དཔེར་ལྟ་བར་བྱའོ།
གསུམ། བོད་ཀྱི་དངུལ་ལོར་སྐོར། བོད་ཀྱི་དུས་རབས་རིམ་བྱུང་གི་ནང་དུ་འགྲེམས་སྤེལ་བྱས་པའི་དངུལ་ལོར་གྱི་རིགས་ལ་དངུལ་གཙང་ལས་གྲུབ་པའི་ཞོ་བྱེད་དོ་དང༌། ཞོ་གང་སོགས་དང༌། ཟངས་ལས་གྲུབ་པའི་ཞོ་ལྔ། ཞོ་གསུམ། ཞོ་གང༌། ཞོ་ཕྱེད་བརྒྱད། སྐར་ལྔ། ཤོག་དངུལ་ལ་སྲང་ལྔ་དང་སྲང་བདུན་ཞོ་ལྔ། སྲང་བཅུ། སྲང་ཉེར་ལྔ། སྲང་བརྒྱ་ལ་སོགས་པ་རིགས་མི་འདྲ་བ་མང་པོ་བྱུང་ཡོད་པར་མ་ཟད། ད་དུང་གསེར་ཊམ་སོགས་གཏན་འབེབས་བྱས་ནས་བོད་ཁམས་ཡོངས་སུ་རྒྱུགས་ཆེ་ཚུལ་རྒྱས་པ་བོད་ཀྱི་དངུལ་ལོར་ལོ་རྒྱུས་ཞེས་པ་ལས་ཤེས་པར་བྱ་ལ། འདིར་མདོར་བསྡུས་ཙམ་ཞིག་འོག་ཏུ་བཀོད་པའི་རེ ་མིག་ལྟར་ལགས། དངུལ་ལོར་གྱི་རེ ་མིག
གསེར་སྒོར།
དངུལ་ལོར་གྱི་མིང༌། རིན་ཚད། འགྲེམས་སྤེལ་གྱི་ལོ། BHགསེར་ཊམ་མ་སྒོར་རྨ། བོད་དངུལ་སྲང་ཉི་ཤུ། སྤྱི་ལོ་918ལོ། BG)LMདངུལ་སྒོར།
BG(!དངུལ་ལོར་གྱི་མིང༌། རིན་ཚད། འགྲེམས་སྤེལ་གྱི་ལོ། BHབཅུ་གསུམ་ཞེ་ལྔ། ཞོ་གང་སྐར་ལྔ། སྤྱི་ལོ་1791ལོ། BHབཅུ་གསུམ་ཞེ་དྲུགཞོ་གང་སྐར་ལྔ། སྤྱི་ལོ་1792ལོ། BHཆན་ལུང་ཐུང་པའོ། ཞོ་གང་སྐར་ལྔ། སྤྱི་ལོ་1792ལོ། BHཆན་ལུང་ཐུང་པའོ། ཞོ་གང༌། སྤྱི་ལོ་1792ལོ། BHབཅུ་གསུམ་ཞེ་བདུན། ཞོ་གང་སྐར་ལྔ། སྤྱི་ལོ་1793ལོ། BHཆན་ལུང་པའོ་གཙང༌། ཞོ་གང་སྐར་ལྔ། སྤྱི་ལོ་1793ལོ། BHཆན་ལུང་པའོ་གཙང༌། ཞོ་གང༌། སྤྱི་ལོ་1793ལོ། BHཆན་ལུང་པའོ་གཙང༌། སྐར་ལྔ། སྤྱི་ལོ་1793ལོ། BHཅཱ་ཆིན་པ ་གཙང༌། ཞོ་གང༌། སྤྱི་ལོ་1796ལོ། BHཅཱ་ཆིན་པ ་གཙང༌།
སྐར་ལྔ། སྤྱི་ལོ་1798ལོ། BHརྡའོ་ཀོང་པ ་གཙང༌། ཞོ་གང༌། སྤྱི་ལོ་1821ལོ། BHདགའ་ལྡན་ཕོ་བྲང༌། ཞོ་གང་སྐར་ལྔ།
སྤྱི་ལོ་1840ལོ། BHབཅོ་ལྔ་ཉེར་བཞི། ཞོ་གང་སྐར་ལྔ། སྤྱི་ལོ་1890ལོ། BHབོད་ཀྱི་སྒོར་མོ། ཞོ་གསུམ་སྐར་དོ། སྤྱི་ལོ་1905ལོ། BHབོད་ཀྱི་སྒོར་མོ། ཞོ་གང་སྐར་དྲུག། སྤྱི་ལོ་1905ལོ།
བོད་ཀྱི་སྒོར་མོ། སྐར་བརྒྱད། སྤྱི་ལོ་1905ལོ། BHཤོན་ཐོང་པ ་གཙང༌། ཞོ་དོ། སྤྱི་ལོ་1910ལོ། BHཤོན་ཐོང་པ ་གཙང༌།
ཞོ་གང༌། སྤྱི་ལོ་1910ལོ། BHསྲང་གང་སྒོར་མོ། སྲང་གང༌། སྤྱི་ལོ་11908ལོ། BHཞོ་ལྔ། ཞོ་ལྔ། སྤྱི་ལོ་1909ལོ། BHསྐལ་བཟང་ཊམ་ཀ། ཞོ་གང་སྐར་ལྔ། སྤྱི་ལོ་1909ལོ། BHཞོ་གང༌། ཞོ་གང༌། སྤྱི་ལོ་1918ལོ། BHསྐར་ཆུང༌། སྐར་ལྔ། སྤྱི་ལོ་1918ལོ། BHསྲང་གསུམ་སྒོར་མོ། སྲང་གསུམ། སྤྱི་ལོ་1933ལོ། BHསྲང་གང་ཞོ་ལྔ། སྲང་གང་ཞོ་ལྔ། སྤྱི་ལོ་1935ལོ། BHཊམ་ཀ་གསར་པ། སྲང་ལྔ། སྤྱི་ལོ་1947ལོ། BHཞོ་གསུམ། ཞོ་གསུམ། སྤྱི་ལོ་1947ལོ། BHཞོ་ལྔ། ཞོ་ལྔ། སྤྱི་ལོ་1947ལོ། BHབཅུ་སྒོར་གསར་པ། སྲང་བཅུ། སྤྱི་ལོ་1947ལོ། BHདངུལ་སྲང་ལྔ་བཅུའི་སྒོར་མོ། སྲང་ལྔ་བཅུ། སྤྱི་ལོ་1952ལོ། BHདངུལ་སྲང་ལྔའི་སྒོར་མོ། སྲང་ལྔ། སྤྱི་ལོ་1953ལོ། BG)LMཟངས་སྒོར།
དངུལ་ལོར་གྱི་མིང༌། རིན་ཚད། འགྲེམས་སྤེལ་གྱི་ལོ། BHཕྱེད་བརྒྱད། སྐར་བདུན་ལེ་ལྔ། སྤྱི་ལོ་1909ལོ། BHསྐར་ཆེན། སྐར་ལྔ། སྤྱི་ལོ་1909ལོ། BHཁ་གང༌། སྐར་དོ་ལེ་ལྔ། སྤྱི་ལོ་1909ལོ། BHཞོ་བརྒྱད་ཆ་གཅིག་ཟངས་སྒོར། སྐར་གང་ཕྱེད་གསུམ། སྤྱི་ལོ་1909ལོ། BHཤོན་ཐོང་པ ་གཙང༌། སྐར་གང༌། སྤྱི་ལོ་1910ལོ། BHཤོན་ཐོང་པ ་གཙང༌། ལེ་ལྔ།
སྤྱི་ལོ་1910ལོ། ཤོག་སྒོར། FT4ིན་ཚད། ཁ་དོགའགྲེམས་སྤེལ་གྱི་ལོ། BHཊམ་ཀ་ལྔ་བཅུ། ཚོན་ཁྲ་མ། སྤྱི་ལོ་1913ལོ། BHཊམ་ཀ་ཉི་ཤུ་རྩ་ལྔ། ཚོན་ཁྲ་མ། སྤྱི་ལོ་1913ལོ། BHཊམ་ཀ་བཅོ་ལྔ། ཚོན་ཁྲ་མ། སྤྱི་ལོ་1913ལོ། BHཊམ་ཀ་བཅུ། ཚོན་ཁྲ་མ། སྤྱི་ལོ་1913ལོ། BHཊམ་ཀ་ལྔ། ཚོན་ཁྲ་མ། སྤྱི་ལོ་1913ལོ། BHཊམ་ཀ་ལྔ་བཅུ། ཚོན་ཁྲ་ཅན། སྤྱི་ལོ་1926ལོ། BHདངུལ་སྲང་བརྒྱ་ཐམ་པ། ཚོན་ཁྲ་ཅན། སྤྱི་ལོ་1937ལོ། BHདངུལ་སྲང་བཅུ། ཚོན་ཁྲ་ཅན། སྤྱི་ལོ་941ལོ། BHདངུལ་སྲང་ལྔ། ཚོན་ཁྲ་ཅན། སྤྱི་ལོ་1942ལོ། BHདངུལ་སྲང་ཉི་ཤུ་རྩ་ལྔ། ཚོན་ཁྲ་ཅན། སྤྱི་ལོ་1950ལོ།