གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།

ཐུབ་བསྟན་ཕུན་ཚོགས།        2010-09-08

8.  རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ནི།  ཡབ་བསོད་ནམས་དར་རྒྱས་དང༌།   ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་སྟག་ སྤྱི་ལོ་1758ལོར་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་སྐུ་འཁྲུངས།   དགུང་ལོ་བཞི་པའི་ལྕགས་སྦྲུལ་ སྤྱི་ལོ་1761ལོར་ རྒྱལ་ཚབ་དེ་མོ་ཐུབ་བསྟན་འཇིགས་མེད་དབུས་གདན་ས་གསུམ་གྱི་བླ་མ་ཐུན་མོང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ཐུགས་ཐག་བཅད། 
པཎ་ཆེན་རིན་པོ་ཆེས་གཙུག་ཕུད་བཞེས་ནས་མཚན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཞེས་གསོལ།  དགུང་ལོ་ལྔ་པའི་ཆུ་རྟ་ སྤྱི་ལོ་1762ལོར་གསེར་ཁྲིར་མངའ་གསོལ།   དགུང་ལོ་བརྒྱད་པའི་ཤིང་བྱ།  ་ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།   དེ་ནས་ཡོངས་འཛིན་རྣམ་གཉིས་གཙོས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་གསན་བསམ་མཐར་ཕྱིན་པར་གནང༌། 
དགུང་ལོ་ཉི་ཤུ་པའི་མེ་བྱ་སྤྱི་ལོ་1777ལོར་པཎ་ཆེན་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། 
 རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ སྤྱི་ལོ་1781ལོ་སྟེ་དགུང་ལོ་ཉེར་བཞི་ལ་ཕེབས་པ་དང་བོད་ཀྱི་སྲིད་དབང་བཟུང༌།  མན་ཇུ་གོང་མས་གསེར་གྱི་བྱང་བུ་ལ་གཟོང་བརྐོས་ཀྱི་འཇའ་ས་མན་ཇུ་དང༌།  རྒྱ།   སོག བོད་བཅས་ཡིག་རིགས་ཤན་སྦྱར་བྱས་པའི་བཀའ་ཡིག་དང༌།  ལས་ཐམ་གནང༌།   དགུང་ལོ་ཉེར་བདུན་པའི་ཤིང་འབྲུག་ སྤྱི་ལོ་1784ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གསར་དུ་བཞེངས།   དགུང་ལོ་སོ་གཉིས་པའི་ས་བྱ་ སྤྱི་ལོ་1789ལོར་གོར་ཁས་བོད་དུ་བཙན་འཛུལ་བྱུང་བ་ལ་ཞི་གྲོས་ཆིངས་མོལ་བྱས།  དགུང་ལོ་ཞེ་གཅིག་པའི་ས་རྟ་ སྤྱི་ལོ་1798ལོར་མན་ཇུ་གོང་མ་ལྷ་སྐྱོང་HT4SS재슡རབ་ཏུ་བྱུང་རྗེས་ཀྱི་འདྲ་ཐང་ཞིག་བོད་དུ་གནང་འབྱོར་བ་དེ་བཞུགས་ཡུལ་གྱི་མཆོད་ཁང་གསར་དུ་བཞེངས།  སྐུ་ཕྲེང་འདི་ནི་མན་ཇུ་གོང་མ་ལ་ཐུན་མིན་གྱི་གུས་ཞབས་བྱེད་མཁན་ཞིག་ཡིན་པ་རྣམ་ཐར་ལས་གསལ། 
རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ སྤྱི་ལོ་1804སྟེ་དགུང་ལོ་ཞེ་བདུན་པར་སྐུ་གཤེགས། 
9.  རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ནི།  ཡབ་བསྟན་འཛིན་ཆོས་སྐྱོང་དང༌།   ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ སྤྱི་ལོ་1805ལོར་མདོ་ཁམས་སྡེ་དགེའི་མངའ་ཁོངས་འདན་ཁོག་ཏུ་སྐུ་འཁྲུངས།   ཆུང་ངུའི་དུས་ནས་ངོ་མཚར་ཆེ་བའི་མཚན་མ་དང་ལྡན་པ་ཞིག་ཡོད་ཚུལ་གང་སར་ཁྱབ་སྟབས།  དགུང་ལོ་གསུམ་པའི་མེ་ཡོས་ སྤྱི་ལོ་1807ལོར་རྒྱལ་ཚབ་རྟ་ཚག་ནོ་མིན་ཧན་མཆོག་དང༌། 
བཀའ་བློན་བཞི་སོགས་ཆེ་རྒུ་ཐམས་ཅད་བཀའ་བགྲོས་ནས་ཏཱ་ལའི་བླ་མའི་འོས་སྤྲུལ་དུ་དབུས་སུ་གདན་འདྲེན་བྱས།   དགུང་ལོ་བཞི་པའི་ས་འབྲུག་ སྤྱི་ལོ་1808ལོར་ཡང་སྲིད་དངོས་སུ་ངོས་འཛིན་བྱས་ཤིང་པཎ་ཆེན་བསྟན་པའི་ཉི་མ་མཆོག་གིས་གཙུག་ཕུད་བཞེས་ཏེ་མཚན་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་ཞེས་གསོལ།  དགུང་ལོ་དགུ་པའི་ཆུ་བྱ་ སྤྱི་ལོ་1813ལོར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་པཎ་ཆེན་བསྟན་པའི་ཉི་མས་མཁན་པོ་དང༌།  ཁྲི་ཆེན་གྲགས་པས་སློབ་དཔོན།   ཤར་པ་ཆོས་རྗེས་དུས་གསན་པ་བཅས་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།  རབ་བྱུང་བཅུ་བཞི་པའི་ཤིང་ཕག་ སྤྱི་ལོ་1815ལོ་སྟེ་དགུང་ལོ་བཅུ་གཅིག་ཟིན་པ་དང་ཆམ་པའི་བསྙུན་གཞི་ལྟ་བུ་ཞིག་གིས་རྐྱེན་བྱས་ཏེ་སྐུ་གཤེགས། 
10.  རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི།   ཡབ་བློ་བཟང་སྙན་གྲགས་དང༌།   ཡུམ་རྣམ་རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱི་ སྤྱི་ལོ་1816ལོར་མདོ་ཁམས་ལི་ཐང་ཤོག་དྲུག་ཏུ་སྐུ་འཁྲུངས། 
  • ལེ་ཚན་སྔོན་མ།:གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།
  • ལེ་ཚན་རྗེས་མ།:ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།