ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།

ཐུབ་བསྟན་ཕུན་ཚོགས།        2010-09-08

གཅིག  སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་པ། 
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྲིད་དབང་བཞེས་རྗེས་སྲིད་དབང་གི་སྒྲིག་གཞི་བཟོ་བཅོས་དང་གསར་འཛུགས་བྱས་པའི་སྐོར་ལ་འདི་ལྟ་སྟེ།  བོད་ཀྱི་ཆོས་སྲིད་གཉིས་ཀྱི་གཙོ་འཛིན་ཏཱ་ལའི་བླ་མ་ཡིན་ཞིང༌།  དེའི་ཞབས་ན་བཀའ་ཤག་དང༌།  སྤྱི་ཁྱབ་མཁན་པོ།   དགའ་ལྡན་ཁྲི་པ་བཅས་ཡོད།  དེ་ཡང་བཀའ་ཤག་སྲིད་གཞུང་གིས་ཞིང་འབྲོག་ཞོ་གསུམ་དམག་དོན་ཆོས་ལུགས་བཅས་ཁྱོན་ཡོངས་ལ་དོ་དམ་དང་གཟིགས་རྟོག་བྱེད་ཀྱིན་ཡོད་ལ།   སྤྱི་ཁྱབ་མཁན་པོ་དང་དགའ་ལྡན་ཁྲི་པ་གཉིས་ཀྱིས་གཙོ་བོ་ནི་ཆོས་དོན་ལ་དོ་དམ་མཛད་ཀྱིན་ཡོད། 
1. བཀའ་ཤག་འོག་གི་སྲིད་དོན་ལས་ཁུངས། 
(1) ཡིག་ཚང༌།   2རྩིས་ཁང༌།   3རྩེ་འགག  4ཤོད་འགག་བཅས་ཡོད་ཅིང༌། 
དེ་ཡང་ཡིག་ཚང་ལས་ཁུངས་དང་རྩིས་ཁང་གཉིས་ཀྱིས་ཐུན་མོང་གིས་དྲུང་རྩིས་བརྒྱད་སྦྲེལ་གྱི་ཚོགས་འདུ་དང༌།  ཚོགས་འདུ་ཚང་འཛོམས།  ཚོགས་འདུ་ཧྲག་བསྡུས་བཅས་འཚོག་རྒྱུའི་གོ་སྡུར་བྱེད་ཀྱིན་ཡོད་ལ་རྒྱུན་ལྡན་གྱི་ལས་འགན་འོག་ཏུ་རེ ་མིག་ལས་གསལ་བ་ལྟར་རོ།  །  སྲིད་དོན་ལས་ཁུངས་ཀྱི་འོག་ཏུ་གཙོ་བོའི་སྒྲིག་གཞི་ལ་རིགས་གཉིས་ཏེ་གྲོང་ཁྱེར་ལྷ་སར་ཡོད་པའི་རིམ་པ་ཁག་གི་ལས་ཁུངས་རྣམས་དང༌།  ས་གནས་སོ་སོའི་རིམ་པ་ཁག་གི་ལས་ཁུངས་རྣམས་ཡིན། 
ཀ.  གྲོང་ཁྱེར་ལྷ་སའི་ལས་ཁུངས་ཀྱི་རིམ་པ།   དང་པོ།  དམག་སྤྱི་ལས་ཁུངས།   གྲྭ་བཞི་ལས་ཁུངས།   རྩེ་ཕྱག་ལས་ཁུངས།  བླ་ཕྱག་ལས་ཁུངས་བཅས་ཡིན།  གཉིས་པ།   བདེ་ཞིབ་ལས་ཁུངས།  ཞིབ་ཁང༌།   རྩེ་རྣམ་གན་ལས་ཁུངས།   ཐེབས་རྩ་ལས་ཁུངས།   ཕོགས་ཁང༌།   ཨར་པོའི་ལས་ཁུངས།  སོ་ནམ་ལས་ཁུངས།   ཇ་ཚྭ་ལས་ཁུངས།   འབབ་ཞིབ་ལས་ཁུངས།  སྨན་རྩིས་ཁང་བཅས་སོ།   །  གསུམ་པ།   སྣང་རྩེ་ལས་ཁུངས།  ཞོལ་ལས་ཁུངས།   ལམ་ཞིབ་ལས་ཁུངས།   རྩེ་གཉེར་ལས་ཁུངས།  ལྷ་གཉེར་ལས་ཁུངས།   བཤེར་ཁང་བཅས་སོ།   །  བཞི་པ།  འདོད་པ་དོ་དམ་ལས་ཁུངས།   ཆིབས་ར་ལས་ཁུངས།   ཏར་ཁང༌།  སྦྲག་ཁང༌།   ཕེབས་བྱམས་འགོ་པ།   གར་པ་བཅས་སོ།   །  ལྔ་པ།  རྩྭ་གཉེར་ལས་ཁུངས།   རྩམ་གཉེར་ལས་ཁུངས།   ཤིང་གཉེར་ལས་ཁུངས།  བཟོ་ཁང་དོ་དམ་ལས་ཁུངས་བཅས་རིམ་པ་ལྔ་ཙམ་གྱི་དབྱེ་བ་བྱུང་འདུག
ཁ.  ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི། 
ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི་ལའང་རིགས་གཉིས་ཏེ།  ས་གནས་འགའ་ཞིག་ལ་བཀའ་ཤག་སྲིད་དོན་ལས་ཁུངས་ཀྱི་འོག་ཏུ་རྫོང་དང༌།  རྫོང་གཤམ་དུ་གཞིས།   གཞིས་འགབ་ཏུ་གཙོ་དྲག་དང་རྒན་པོ་བཅས་ཀྱི་རིམ་པ་དབྱེ་ཡོད།  སྤྱིར་བཏང་གི་དབང་དུ་བྱས་ནས་བཀའ་ཤག་གི་སྲིད་དོན་ལས་ཁུངས་འོག་ཏུ་སྤྱི་ཁྱབ་ཁང་དང༌།  དེའི་འོག་ཏུ་རྫོང༌།   དེའི་འོག་ཏུ་གཞིས་དང༌།  ལྡིངས།   བརྒྱ་དཔོན།   དེ་དག་གི་འོག་ཏུ་གཙོ་དྲག་དང༌།   རྒན་པོ་བཅས་ཡོད།  དཔེར་ན་གཞིས་རྩེ་རྫོང་སྤྱི་དང༌།   གྲོ་མོ་སྤྱི་ཁྱབ།   བྱང་སྤྱི་ཁྱབ།   མདོ་སྨད་སྤྱི་ཁྱབ།   ལྷོ་ཁ་སྤྱི་ཁྱབ།   སྟོད་སྒར་དཔོན་བཅས་ནི་སྤྱི་ཁྱབ་ཁང་རེད། 
2 .  བཀའ་ཤག་ཞབས་ཀྱི་ཆོས་དོན་ལས་ཁུངས། 
བཀའ་ཤག་ཞབས་ཀྱི་ཆོས་དོན་ལས་ཁུངས་ནི་གཙོ་བོ་དགའ་ལྡན་ཁྲི་པ་དང༌།  སྤྱི་ཁྱབ་མཁན་པོ་གཉིས་ཀྱི་དབུ་ཁྲིད་འོག་ན་ཡོད་ཅིང༌།  དེའང་དགའ་ལྡན་ཁྲི་པའི་འོག་གི་ལས་ཀ་བྱེད་མཁན་གཙོ་བོ་ཤར་རྩེ་ཆོས་རྗེ་དང༌། 
བྱང་རྩེ་ཆོས་རྗེ་གཉིས་ཡོད།   སྤྱི་ཁྱབ་མཁན་པོའི་ཞབས་ན་རྩེ་གཟིམ་ཆུང་གསུམ།   མགྲོན་གཉེར་ཆེན་མོ། 
རྩེ་མགྲོན།   གཟིམ་འགག་ཁྲི་པ།   གཟིམ་འགག་བཅས་ཀྱི་དཔོན་རིགས་རྣམས་ཀྱིས་ལས་དོན་སྒྲུབ་ཀྱིན་ཡོད།   དེ་དག་གིས་ལས་ཀ་བྱེད་ཡུལ།  མཛོད་སྦུག་ལས་ཁུངས།   མཛོད་ཆུང་ལས་ཁུངས།   གཟིམ་དཔོན་མཁན་པོ།   མཆོད་དཔོན་མཁན་པོ།  གསོལ་དཔོན་མཁན་པོ།   ཧོར་ཐུག་ཐུ་ཁག་དང་སྤྲུལ་སྐུ་ཆེ་འབྲིང་ཆུང་གསུམ།  རྒྱུད་སྨད་གྲྭ་ཚང༌།   རྒྱུད་སྟོད་གྲྭ་ཚང༌།   སེར་འབྲས་དགེ་གསུམ་དང༌།  ས་གནས་དགོན་སྡེ་ཁག་བཅས་ཡིན།   ས་གནས་སོ་སོའི་རྫོང་ཁག་དང་དགོན་སྡེ་ཁག་གི་ལས་འགན།   མི་གྲངས།  ཞིང་ཕྱུགས་ལས་སྐོར་གྱི་གནས་ཚུལ་ཞིབ་རྒྱས་རྣམས་ཡུལ་སོ་སོའི་ལོ་རྒྱུས་ལས་རྟོགས་པར་བྱ་དགོས།  འདིར་ལོ་རྒྱུས་ཀྱི་སྤྱི་དོན་ཡིན་སྟབས་ཞིབ་ཏུ་མ་བྲིས་སོ། 
 འོས་འགན་དང་འོས་ཐོབ་སོགས་ཀྱི་རེ ་མིག
1.  སྡེ་ཚན་སོ་སོའི་འོས་འགན་གྱི་རེ ་མིག
སྡེ་ཚན་གྱི་མིང༌།  འོས་འགན།  བཀའ་ཤག།  གཞུང་གི་ལས་དོན་ཆེ་ཕྲ་ཐམས་ཅད་ལ་རྟོག་ཞིབ་དང་དབྱེ་འབྱེད་ཐོག་ཐག་གཅོད་བྱེད་རྒྱུ་དང༌།  དེ་ནས་ཐག་མ་ཆོད་པའི་རིགས་གོང་ས་མཆོག་ལ་སྙན་སེང་དགོངས་སྐོར་བྱེད་རྒྱུ།  4ཡིག་ཚང༌།  དགོན་པ་ཁག་གི་ཆོས་ཁྲིམས་འཛིན་རྒྱུ་དང༌།   དགོན་པའི་འགོ་པ་བསྐོ་འཐེན།   རྩེ་དྲུང་གི་གནས་སྤོར་གཅོག་སོགས་ཡིན།  BHརྩིས་ཁང༌། 
ས་མི་ནོར་ཕྱུགས་འབྲུ་དངུལ་ཁྲལ་བོགས་སོགས་གང་ཅིའི་འགྲོ་འོང་བསྡོམས་རྩིས་བྱེད་རྒྱུ་དང༌།  འཆར་གཞི་འགོད་རྒྱུ།  BHརྩེ་འགགཔོ་ཏཱ་ལའི་གཟིམ་ཆུང་འགག་ནས་ཏཱ་ལའི་བླ་མའི་བཀའ་རྣམས་བརྒྱུད་བསྒྲགས་དང༌། 
འོག་གི་སྙན་སེང་ཞུ་འབུལ་བྱེད་རྒྱུ།  BHཤོད་འགགརྒྱལ་ཚབ་རྣམས་ཀྱི་ལས་ཁུངས་འགག་པ་སྟེ་གཙོ་བོ་མགྲོན་གཉེར་གྱི་འོས་འགན་སྒྲུབ་རྒྱུ།  BHདམག་སྤྱི་ཁང༌།  དྲག་ཆས་ལག་ཆ་དོ་དམ་དང༌།   དམག་སྦྱོང་ལྟ་རྟོག
  དམག་མི་བརྗེ་འཐེན་སོགས་དམག་དོན་སྐོར་གྱི་ལས་དོན་ཆེ་ཆུང་ཐམས་ཅད་ཐག་གཅོད་བྱེད་རྒྱུ། 
BHགྲྭ་བཞི་ལས་ཁུངས།  དངུལ་དཔར་ཏེ་འགྲེམས་སྤེལ་བྱ་རྒྱུ་དང༌།   དངུལ་གསར་རྙིང་བརྗེ་རྒྱུ། 
 བུན་ལོན་གཏོང་རྒྱུ།   གློག་འཕྲུལ་སྐོར་ལ་དོ་དམ་བྱེད་རྒྱུ་བཅས་ཡིན། 
BHརྩེ་ཕྱག་ལས་ཁུངས།   ཏཱ་ལའི་བླ་མའི་ཉེར་མཁོ་འཕྲལ་སྒྲུབ་བྱེད་རྒྱུ་དང་བུན་ལོན་གཏོང་བ་བཅས་ཀྱི་ལས་འགན།  BHབླ་ཕྱག་ལས་ཁུངས།  ལྷ་ལྡན་སྨོན་ལམ་ཆེན་མོའི་གཏོང་སྒོ་དང་ཡོང་སྒོ་དོ་དམ་བྱེད་རྒྱུ། 
BHDG3བདེ་ཞིབ་ལས་ཁུངས།  མི་སེར་གྱི་འཚོ་བ་ལྟ་རྟོག་བྱེད་རྒྱུ།  LMBG(!
BHDFG5K9K26ZQFཞིབ་ཁང་ལས་ཁུངས།  ལས་ཁུངས་ཁག་གི་ལོ་རེའི་ཡོང་སྒོ་དང་འགྲོ་སོང་རྩིས་ཁྲ་ཕུལ་པ་རྣམས་འགྲིག་མིན་ཞིབ་གཅོད་བྱེད་རྒྱུ།  BHDG5K9K26ZQFརྩེ་རྣམ་གན་ལས་ཁུངས།  གཞུང་ཞབས་སེར་སྐྱ་དང༌།   གདན་ས་ཆེན་པོ་གསུམ།  བླ་བྲང་ཁག་ཚོང་རིགས་ཆེ་ཁག་བཅས་ལ་དངུལ་བུན་གཏོང་ལེན་བྱེད་རྒྱུ། 
BHཐེབས་རྩ་ལས་ཁུངས།  མཆོད་རྒྱུན་གྱི་མ་ཐེབས་དོ་དམ་བྱེད་རྒྱུ།  BHཕོགས་ཀྱི་ལས་ཁུངས། 
དམག་ཕོགས་འབྲུ་རིགས་སྤྲོད་རྒྱུ་དང༌།   ལས་ཁུངས་ཁག་གི་ལས་བྱེད་པའི་ཕོགས་འབྲུ་སྤྲོད་རྒྱུ་སོགས་སོ། 
 །  BHཨར་པོའི་ལས་ཁུངས།  གཞུང་ཁང་ཡོངས་རྫོགས་ཉམས་གསོ་དང༌།   གསར་རྒྱག དེའི་རྒྱུ་ཆ་གོ་སྒྲིག ལས་མི་བསྡུ་འགུག  གྲོན་དངུལ་འཆར་གཞི་འགོད་རྒྱུ་བཅས་སོ།  BHསོ་ནམ་ལས་ཁུངསས་སྟོང་གསར་སྦོལ་དང༌།   མི་བོགས་བསྡུ་ལེན་བཅས་སོ།  །  BHDG4ཇ་ཚྭ་ལས་ཁུངས།  ཇ་དང་ཚྭ་པགས་རིགས་སོགས་ཀྱི་ཁྲལ་བསྡུ་ལེན་བྱེད་རྒྱུ།  BHའབབ་ཞིབ་ལས་ཁུངས།  ས་སྟོང་གསར་སྦོལ་ཁག་གི་བོགས་མ་སོགས་ཁྲལ་འབབ་གསར་པ་བསྡུ་དམ་བྱེད་རྒྱུ།  BHསྨན་རྩིས་ཁང༌།  སྨན་པ་གསར་པ་གསོ་སྐྱོང་དང༌།   སྐར་འབྱུང་རྩིས་ཀྱི་རིག་པ་རྣམས་སློབ་ཅིང་ལོ་ཐོ་གསར་པ་འདོན་པ་བཅས་སོ།  BHསྣང་རྩེ་ཤག་ལས་ཁུངས།  ལྷ་སའི་གླིང་སྐོར་ནང་ཁོངས་སུ་སྒྲིག་ཁྲིམས་གནོན་གཅོད་བྱེད་རྒྱུ།  BHཞོལ་ལས་ཁུངས།  རྩེ་ཕོ་བྲང་གི་གཏོང་ཡོང་དོ་དམ་དང༌།  ལྷ་སའི་ཉེ་འདབས་ཀྱི་ཁྲིམས་གཅོད་སོགས་བྱེད་རྒྱུ།  Fལམ་ཞིབ་ལས་ཁུངས།   ས་གནས་ཁག་གི་ལམ་ཡིག་དང་ ་ལག་སྐོར་ལྟ་ཞིབ་བྱེད་རྒྱུ།  BHDG4རྩེ་གཉེར་ལས་ཁུངས།   རྩེ་ཕོ་བྲང་ནང་མཛད་སྒོ་ཁག་ལ་གསོལ་ཞིབ་གཏོང་རྒྱུ།  དེའི་འབབ་ཁུངས་ཁག་རྩམ་པ་བསྡུ་རྒྱུ་བཅས་སོ།  BHDG4ལྷ་གཉེར་ལས་ཁུངས།  ལས་ཀ་རྩག་རྩིག་སྤྱི་གཉེར་དང་ལྷ་རྟེན་དོ་དམ་བྱེད་རྒྱུ་བཅས་སོ།  །  BHབཤེར་ཁང་ལས་ཁུངས།  ཁ་མཆུའི་སྐོར་བདེན་རྫུན་དག་བཤེར་བྱེད་རྒྱུ།  BHDG5འདོད་དཔལ་དོ་དམ་ལས་ཁུངས།  བཟོ་རིགས་སྤྱི་འདུས་ཀྱི་ལས་ཁུངས་ཤིག་སྟེ།  ལྕགས་བཟོ་བ་དང༌།   ཕྲ་བཟོ་བ་སོགས་ཐད་ཀར་བདག་གཉེར་བྱེད་དོ།  BHDG4ཆིབས་ར་ལས་ཁུངས།  ཏཱ་ལའི་བླ་མའི་ཆིབས་པ་དོ་དམ་བྱེད་རྒྱུ།  BHཏར་ཁང༌།  གློག་འཕྲིན་གཏོང་ལེན་བྱེད་རྒྱུ།  BHསྦྲག་ཁང༌།  ཡིག་འཕྲིན་སྐྱེལ་ལེན་སོགས་སྦྲག་སྲིད་སྐོར་གྱི་བྱ་བ་བྱེད་རྒྱུ།  BHDG5རྩྭ་གཉེར་ལས་ཁུངས།  སྲིད་གཞུང་གི་རྒྱུན་སྤྱོད་རྟ་དྲེལ་ཁག་ལ་རྩྭ་གཟན་གཏོང་རྒྱུ་དང༌། 
ཕྱི་རྒྱལ་མི་སྣ་ཁག་གི་བཞོན་རྟ་ལ་བདག་ལེན་དང་གཟན་ཆས་སྤྲོད་རྒྱུ།  འབྲོག་ཁུལ་གྱི་ཕྱུགས་རྩྭ་ལ་དོ་དམ་བྱེད་རྒྱུ།  BHརྩམ་གཉེར་ལས་ཁུངས།  མཆོད་རྒྱུན་ཁག་དང༌།   མཛད་སྒོ་ཆེ་ཁག  ལྷ་ལྡན་སྨོན་ལམ། 
 ཚོགས་མཆོད་བཅས་སུ་རྩམ་པ་གཏོང་རྒྱུ་དང༌།  དེའི་ཡོང་འབབ་རྣམས་བསྡུ་ལེན་བྱེད་རྒྱུ།  BHDG4ཞབས་བརྟན་ལས་ཁུངས།  བོད་གཞུང་གི་འཕར་མའི་ཞབས་བརྟན་གྱི་གཏོང་སྒོ་ལ་ཁག་ཁུར་བྱེད་རྒྱུ།  BHཤིང་གཉེར་ལས་ཁུངས།  བོད་ཀྱི་གསོལ་ཐབ་ཆེ་ཁག་གི་རྒྱུན་ཤིང་དོ་དམ་བྱེད་རྒྱམཛོད་སྦུག་ལས་ཁུངས།  གོང་ས་མཆོག་སྐུ་སྒེར་གྱི་དངུལ་དོ་དམ་བྱེད་རྒྱུ།  BHDG4མཛོད་ཆུང་ལས་ཁུངས།  གོང་ས་མཆོག་སྐུ་སྒེར་གྱི་རྒྱུ་ནོར་ཕལ་པ་དོ་དམ་བྱེད་རྒྱུBHཕྱག་དཔེ་ཁང༌།  ཏཱ་ལའི་བླ་མའི་ཕྱག་དཔེ་དོ་དམ་བྱེད་རྒྱུ།  BHན་བཟའ་ཁང༌།  ཏཱ་ལའི་བླ་མའི་ན་བཟའ་དོ་དམ་བྱེད་རྒྱུ།  BHDG4བཀའ་ཤག་འགགབཀའ་ཤག་ལ་ཞུ་ཡིག་བརྒྱུད་འབུལ་དང༌།  ཕྱིར་བཀའ་ལེན་བསྒྱུར་རྒྱུ་སོགས་ཀྱི་ལས་ཀBHDG4བཀའ་ཤག་ཤོད།   ་ལག་ལམ་ཡིག་ཐོ་འགོད་བྱེད་རྒྱུ།  BHDG4ཨེ་ཁང༌། 
ཏཱ་ལའི་བླ་མ་སྐུ་སྒེར་དང༌།   བོད་གཞུང་གི་གཞུང་ཡིག་དང་དཔེ་ཆ་སོགས་གཙང་འབྲི་བྱེད་རྒྱུ།  BHDG4གྱོད་ཞིབ་ལས་ཁུངས།  སྒེར་ཆོས་སོགས་ཆེ་ཁག་བར་གྱི་ཁ་མཆུ་ཐག་གཅོད་བྱེད་རྒྱུ།  BHའབྲུ་སྐྱེད་ལས་ཁུངས།  འབྲུ་བུན་གཏོང་ལེན་བྱེད་རྒྱུ།  BHའདུ་འགོད་ལས་ཁུངས།  འབྲུ་དངུལ་བསྡུ་ཚགས་ཀྱིས་དམག་ཕོགས་བཀོད་སྒྲིག་བྱེད་རྒྱུ།  BHDG3ཚོང་སྤྱི་ལྷན་ཁང༌།  ཚོང་ཁྲལ་བསྡུ་བ་དང༌།  ཚོང་སྐོར་གྱི་ལས་དོན་སྒྲུབ་པ།  BHDG4རྒྱ་གར་ཚོང་ལས་དོན་གཅོད་ཁང༌།  རྒྱ་གར་དང་བོད་ཚོང་གི་ལས་དོན་སྐོར་ཐག་གཅོད་བྱེད་རྒྱུ།  གོར་ཞིབ་ལས་ཁུངས།  གོར་བོད་བར་གྱི་གནད་དོན་ཁག་གོར་ཁ་དང་འབྲེལ་གཏུག་ཐོག་ཐག་གཅོད་བྱེད་རྒྱུ།  ཕྱི་རྒྱལ་ས་ཁུངས།  ཕྱི་རྒྱལ་དང་འབྲེལ་བའི་ལས་དོན་ཐག་གཅོད་བྱེད་རྒྱུ།  སེར་སྐྱ་དཔོན་རིགས་རྣམས་ཀྱི་གོ་གནས་ཀྱི་རིམ་པའི་རེ ་མིག
གོ་སའི་རིམ་པ།  དཔོན་རིགས།  རིམ་པ་གསུམ་པ།  གུང༌།   བཀའ་བློན།   ཛ་སག  ཐའི་ཇི།   དམག་སྤྱི།   སྤྱི་ཁྱབ་མཁན་པོ། 
ཏཱ་བླ་མ།   མཁན་དྲུང་ཏཱ་བླ་མ། 
རིམ་པ་བཞི་པ།  གསོལ་དཔོན་མཁན་པོ།   གཟིམ་དཔོན་མཁན་པོ།   མཆོད་དཔོན་མཁན་པོ།  མཁན་ཆེན།   མཁན་ཆུང་གྲས་ཡིག་འབྲི་དྲུང་ཡིགརྩིས་དཔོན།   ཕྱག་མཛོད་པ།   ཕྱོགས་དཔོན།   མདའ་དཔོན།  བླ་མ་རྒན་པ་སྟེ་ཆེ་བ།   སྤྱི་ཁྱབ་དཔོན།   རྩེ་མགྲོན་ཆེ་བ་ རྩེ་མགྲོན་གཉེར་ཆེན་མོ།  མཁན་དྲུང་ དྲུང་ཡིག་ཆེན་མོ། 
 སྲས་རྣམ་པ།   གསོལ་དཔོན་གཞོན་པ་བཅས་སོ།  །   BHརིམ་པ་ལྔ་པ།   རྩེ་མགྲོན་གཉེར།   རྩེ་གཉེར་ཚང་པ།   རུ་དཔོན།   ཤོད་གཉེར་ཚང་པ།  བཤེར་དཔོན།   ཞོལ་གཉེར་པ།   སྣང་རྩེ་ཤག་མི་དཔོན།  བླ་སྨན་གཞོན་པ།   སྐད་བསྒྱུར་ལོ་ཙཱ་བ།   ཤོད་མགྲོན།  གནས་ཆེ་ཁའི་རྫོང་སྡོད།   ས་མཚམས་རྫོང་སྡོད།  Bརིམ་པ་དྲུག་པ།  བཀའ་ཤག་དྲུང་ཡིག་ཆེ་བ།   བཀའ་ཤག་མགྲོན་གཉེར།  ཆིབས་དཔོན།   བརྒྱ་དཔོན།   ཕྱག་དཔེ་དོ་དམ་པ།  མཆོད་རྫས་དོ་དམ་པ།   བདེ་འཁྱིལ་སྐུ་གཉེར གནས་འབྲི་བའི་རྫོང་སྡོད།  རིམ་པ་བདུན་པ།  བཀའ་ཤག་དྲུང་ཡིག་ཆུང་བ།   བཀའ་ཤག་འགག་པ།   ལྡིང་དཔོན།  རྩྭ་གཉེར།   རྩམ་ལེན་པ།   ཤིང་གཉེར།   གུར་པ།   ཁང་གཉེར།  ཤེ་དཔོན།   རྩེ་གཟིམ་འགག  རྩེ་དྲུང་ཚོང་དཔོན།  མདོ་ཁམས་སྒར་དཔོན།   ཟི་ལིང་སྒར་དཔོན།   འདོད་དཔལ་དོ་དམ་པ།  བཟོ་ཁང་དོ་དམ་པ།   སྤོས་བརྡུངས་དོ་དམ་པ།  སྟོང་མཆོད་དོ་དམ་པ།   གནས་ཆུང་ཁའི་རྫོང་སྡོད།  Fའདིར་རིམ་པ་དང་པོ་དང༌།   གཉིས་པ་ནི་སྔར་གྱི་ཡིག་ཆ་ན་འཁོད་པ་བདག་གིས་མ་མཐོང་སྟབས་ད་ལན་གསལ་བཤད་བྱེད་ཐབས་མ་བྱུང༌།  དེ་དག་གི་སྐབས་ཀྱི་ལོ་རྒྱུས་དངོས་ལ་གསལ་ཆ་ཆ་བའི་བགྲེས་པོ་འགའ་རེའི་གསུང་སྒྲོས་ལྟར་ན།  སྲིད་སྐྱོང་དང་སྲིད་བློན་ནི་ཨང་རིམ་གཉིས་པ་ཡིན་པར་མཐོང་སྟེ།  འདིའི་གནས་ལུགས་ཇི་བཞིན་མཁྱེན་པའི་བགྲེས་པོ་སྐུ་ཡོན་ཅན་རྣམས་ཀྱིས་མཚམས་འདིར་གསལ་བཤད་གནང་བར་ཞུ། 
  • ལེ་ཚན་སྔོན་མ།:གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།
  • ལེ་ཚན་རྗེས་མ།:གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།