རང་ཡུལ་ཆོས་ལྡན་ཞིང་གི་ལོ་སར་རགས་ཙམ་གླེང་བ།

སྡེ་དགེ(དཔལ་བཟང་གིས།)        2011-03-07

ཤོག་སྦག་འབར་འགད་སྒྲ་ཡིས་ལོ་ཪྙིང་སྐྱེལ། །  བགྱེས་སྤྲོ་བཞད་གད་སྒྲ་ཡིས་ལོ་སར་བསུ། ། སྐྱེལ་སྐྱེལ་བསུ་བསུ་ཉམ་ཆུང་འཁོར་བ་པ། །  བདེ་སྐྱིད་དཔལ་ཡོན་བརྟན་རྒྱས་སྨོན་ལམ་འདེབས། །
འདིར་སླར་ཡང་གནམ་ལོ་གསར་པ་ཞིག་ཚེས་བྱུང་བས་ངས་རང་ཡུལ་བོད་ཆོས་ལྡན་ཞིང་གི་ལོ་སར་རགས་ཙམ་གླེང་བར་འདོད་དོ། ། 
དེ་ཡང་འདིར་ལོ་སར་བཤད་བྱ་དངོས་ལ།
     ཐོག་མར་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་བཟུང་། རོང་འབྲོག་གི་ས་ཁུལ་སོ་སོ་ནས་ལོ་སར་གྱི་སྟ་གོན་ལ་བྲེལ་ཏེ་ཕྱི་སྒོ་ར་དང་ནང་གྱོ ན་ཆས་སོགས་གཙང་དག་བཀྲུས་ཞིང་།  རང་ལུས་ལ་ཡང་འཁྲུས་གསོལ་བྱེད་པ་ཡིན།  ལོ་ཪྙིང་དུ་མགོ་ཡན་ལག་གཙང་དག་མ་འཁྲུད་ན་མི་རུང་བའི་འདུ་ཤེས་ཤིག་ འཛིན་གྱིན་ཡོད།  ནང་ཁྱིམ་དུ་གད་ཕྱིས་རྒྱག་པ་དེ་ལ་དུ་རྒན་བརྡུ་བའང་ཟེར།  བསྡུས་པའི་གད་སྙིགས་ཀྱང་ཚེས་ཉེར་དགུར་མ་སླེབས་བར་དུ་ཟུར་ཞིག་ཏུ་སྤུངས་པའམ་སྣོད་དུ་འཇོག་པ་ལས་གང་མོས་ཀྱིས་འཕོ་མི་རུང་།  སྒོ་དངསྒེའུ་ཁུང་ཆེ་ཆུང་གི་སྒོ་ཡོལ་དཀར་ཡོལ་ཚང་མ་གསར་པ་གསར་རྐྱང་དུ་བརྗེ་པ་རེད།
གསོལ་སྟོན་གྲ་སྒྲིག་གི་སྐོར་ནི།
གྲོ་ནས་བརྔོ་འཐག་དང་།  གྲོ་མ་རྔོ་འཐག   ཕྱུར་བ་རྡུང་འཐག གྲོ་དཀྱུས་སླས་བསྲེགས།  ཐུད། གྲོ་དཀྱུས་ལའང་གྲོ་མ་ཕྱེ་མ་མར་དང་མར་ཁུ།  མངར་ཆ་སྦྲང་ནག་དང་ཕྱེ་མ་ཀ་ར།  ཡང་ན་སྦྲང་རྩི་བཅས་བསྲེས་སྦྱོར་བརྒྱུད་ནས་གོར་མོ་དང་གྲུ་བཞིའི་དབྱིབས་སོགས་ཀྱི་བཟའ་བཅའ་རིགས་འདྲ་མིན་སྣ་ཚོགས།  ལུས་ལ་བསིལ་བའི་བདེ་བ་སྟེར་ཞིང་བཅུད་ཆེ་ཟས་འཇུར་ཕན་པའི་ཞོ་དང་།  འོ་མ།  ནས་ཆང་དང་ཨ་རག་སིལ་མའི་བདུད་རྩི་སྐྱེམས་ཆང་བསྙལ།  ཤ་སྐམ་སོགས་ཟས་རིགས་སྣ་ཚོགས་སྒྲིག་པ་དང་།  དེ་ནས་ཁྲོམ་ར་རུ་སྦྲང་རིགས་དང་བཏུང་བའི་སྐོར་སོགས་གང་མཁོ་ཉོ་ལ་བྲེལ།
ལྷ་བསང་གི་མཛད་སྒོའིསྐོར། 
ཚེས་གཅིག་ནས་འགོ་རྩོམ་པའི་བསང་གཏོང་བའི་སྟ་གོན་དུ། རི་ལ་ཤུག་པ་བཅད་པ་དང་།  ཁང་པའི་ནང་དང་ཡང་སྒོས་ཇ་ཁང་གི་ཐབ་ཀའི་རྒྱབ་ངོས།  ཀ་བ་དང་གདུང་ལྕམ་ཐོག་ཏུ་གྲོ་ཕྱེ་དཀར་པོས་བཀྲ་ཤིས་ཤིང་དགེ་བའི་མཚན་མ་མཚོན་པའི་རི་མོ་སྣ་ཚོགས་བྲིས་པ་ཡིན།
དགུ་ཐུག་གི་མཛད་སྒོའི་སྐོར།
དེ་ནས་ཚེས་ཉེར་དགུའི་དགོང་མོར་ཁྱིམ་མི་ཡོངས་རྫོགས་ལྷན་དུ་དགའ་འཛོམས་བྱས་ཤིང་གྲོ་ནས་སྲན་གསུམ་མམ་འབྲུ་རིགས་སྣ་ལྔ་ཤིང་འབྲས་རིགས་སོགས་འདུས་པའི་དགུ་ཐུག་གི་གྲོའི་རིལ་ལུ་ནང་དུ་མར་དང་།  བལ།  སོལ་བ།  ཚྭ།  རྡོ་སོགས་བཏུམས་པ་དང་།  དབྱིབས་ཀྱང་ཉི་མ་དང་།  ཟླ་བ།  དཔེ་ཆ།  རིལ་ལུ།  གཞན་ལས་ཅུང་ཆེ་བའི་ཕོ་ཆེ་རིལ་ལུ་བཅས་བཅའ།  དེ་དག་གིས་རིམ་བཞིན་བསོདནམས་དང་དབང་ཐང་།  རྒྱུད་འཇམ་གཤིས་བཟང་།  བསམ་ནག་གཤིས་རྩུབ།  དྲན་ གསལ་ཤེས་རབ་ཅན།  འགྱུར་མེད་བརྟན་པོ་བཅས་མཚོན་རབས་ཡོད།  བཏུང་བའི་ཚེ་སུ་ཞིག་གི་ཅ་ནེ་རུ་རིལ་བུ་དེ་དག་ཡོད་ཚེ།  དེ་ལ་ཀུ་རེའི་ཨ་མཚར་གྱིས་ལེགས་ཉེས་བསྟོད་སྨད་ཀྱི་བཞད་གད་སློང་།  ད་དུང་སྲོལ་རྒྱུན་གྱི་བཤད་ཚུལ་ཞིག་ལ “གང་ཞིག་གནམ་གང་ཤར་བའི་ཚེ། ། དགུ་ཐུག་འཐུང་ནས་ཤི་ན་འདྲ། ། ”ཞེས་སོགས་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པས་ནུབ་མོ་དེར་ཕོ་བ་རྒྱགས་ཚད་ཅིག་འཐུང་དགོས་པ་ཡིན།
དུར་སར་གཤེགས་ཤིང་ཤི་བོར་བསུར་གཏོང་མཛད་སྒོའི་སྐོར།
  • ལེ་ཚན་སྔོན་མ།:རོང་ཁུལ་གྱི་བོད་ལོ་གསར་གཏོང་ཚུལ།
  • ལེ་ཚན་རྗེས་མ།:བོད་ཀྱི་དུས་ཆེན།