འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ།

ནོར་བུས།        2019-05-09

 ཟླ5པའི་ཚེས8ཉིན་ནི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡིན། འཛམ་གླིང་རྒྱ་གྲམ་དམར་པོ(World Red Cross and Red Crescent Day)ནི་རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོའི་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས(International Federation of RedCross and Red Crescent Sieties)དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང(International Committee of the Red Cross )། དེ་བཞིན་རྒྱལ་ཁབ་རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པ190བཅས་ཀྱིས་མཉམ་དུ་སྤེལ་བའི་དྲན་གསོའི་ཉིན་མོ་ཞིག་ཡིན།


འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ།

རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་མཚོན་རྟགས།

    རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་མོས་མཐུན་བྱས་པ་བརྒྱུད་རྒྱ་གྲམ་དམར་པོའི་སྲོལ་གཏོད་མཁན་སྐུ་ཞབས་ཧེང་ལི·ཏུའུ་ནན་གྱི་སྐྱེས་སྐར་ཏེ་ཟླ5པའི་ཚེས8ཉིན་རྒྱ་གྲམ་དམར་པོའི་ཉིན་མོར་གཏན་འཁེལ་བྱས་པ་རེད། ཉིན་དེར་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་རྒྱ་གྲམ་དམར་རྟགས་ཚོགས་པ། ཟླ་གསར་དམར་པོའི་ཚོགས་པ་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་དང་། དེ་བཞིན་རྒྱལ་ཁབ་ཁག་གི་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོའི་ཚོགས་པ་བཅས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་ཉིན་མོ་དེར་དྲན་གསོ་ཞུ་ཞིང་། རྒྱ་གྲམ་དམར་པོའི་ལས་འགུལ་གྱི་རྒྱལ་སྤྱིའི་རང་བཞིན་དང་། རྒྱ་གྲམ་དམར་པོའི་མི་ཆོས་ལས་དོན་ལ་རིགས་རྒྱུད་དང་ཆོས་ལུགས།ཆབ་སྲིད་བཅས་ཀྱི་ལྟ་བར་ཁྱད་མེད་པའི་ཁྱད་ཆོས་མཚོན་གྱི་ཡོད།

འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ།

 ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་རྟགས།

    ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་རྒྱ་གྲམ་དམར་པོའི་རྩ་འཛུགས་ཤིག་ཡིན་ལ། མི་ཆོས་རིང་ལུགས་ཀྱི་ལས་དོན་སྒྲུབ་པའི་སྤྱི་ཚོགས་རོགས་སྐྱོབ་ཚོགས་པ་ཞིག་ཡིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་མི་ཆོས་ཁྱབ་ཁོངས་སུ་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་ཡིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ་ནི1904ལོར་བཙུགས་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་མི་ཆོས་རིང་ལུགས་དམིགས་འབེན་དུ་བཟུང་ནས་མིའི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱ་ཆེད་དུ་སྤེལ་བའི་ལས་ཀ་ཞིག་ཡིན། ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པས་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་དང་། ཚེ་སྲོག་བདེ་ཐང་སྲུང་སྐྱོང་།མིའི་རིགས་ཀྱི་ཞི་བདེ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། ཀུའོ་མིང་དབྱི་སོགས་རྒྱ་གྲམ་དམར་རྟགས་ཚོགས་པའི་དང་བླངས་པ་ཕུལ་བྱུང་ཁག་ཅིག་ཐོན་མྱོང་ལ། ཏང་དང་རྒྱལ་ཁབ།མི་དམངས་བཅས་ཀྱི་ཆེད་དུ་དགེ་ཕན་གྱི་བྱ་བ་བཟང་པོ་མང་པོ་བསྒྲུབས་ཡོད་པ་རེད།




  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་སར་མཚམས་སྦྱོར་བྱིས་པའི་དགའ་སྟོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།