ཟངས་འདུལ་གྱི་ལག་ཤེས།

དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན།    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-25

ཟངས་འདུལ་བྱེད་པའི་ཐབས་སུ་ཟངས་རྒྱུ་ཕོ་ཟངས་སྨུག་པོ་མ་ཡིན་པའི་མོ་ཟངས་ཞེས་ཁ་དོག་དམར་སྐྱ་འཇམ་ཞིང་མཉེན་ལ་སྤུས་ལེགས་པ་དེ་ཉིད་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་མཚུར་དཀར་གྱི་ཆུ་ནང་དུ་ཡང་ཡང་བཙོ་ཞིང་བཀྲུས་རྗེས་གསེར་འདུལ་ལྟར་བཏུལ་ནས་ཞོ་སྐྱའི་སྔོ་ཀྲུང་སྟེ་དར་བ་བསྐོལ་ཏེ་ཕྱུར་བ་བླངས་ཟིན་པའི་ཁུ་བ་(སྐྱུར་ཁུ་ཡང་ཟེར།)ནང་བཙོས་པས་གཡའ་ཆོད་དེ་ཟངས་མདོག་ལེགས་པར་འོང་ངོ་།།
  • ལེ་ཚན་སྔོན་མ།:དངུལ་གྲང་འདུལ་གྱི་ལག་ཤེས།
  • ལེ་ཚན་རྗེས་མ།:རག་འདུལ་གྱི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།