རག་འདུལ་གྱི་ལག་ཤེས།

དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན།    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-25

ར་གན་གྱི་རྒྱུ་རྒྱ་རས་སེར་པོ་མདོག་བཟང་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་མཚུར་ནག་ཆུར་སྦྱང་དྭངས་ཁུར་བཙོ་བཤལ་བྱས་ནས་གསེར་ལྟར་འདུལ།དེ་རྗེས་སྙ་ལོའི་ཁུ་བའི་ནང་སེར་མཚུར་དང་བྱང་བུལ་བཟང་པོ་ལྷད་མེད་ཅུང་ཟད་བཅས་བཏབ་པའི་ནང་དུ་བཙོ་བཤལ་བྱས་རྗེས་ཡང་སྐྱར་གོང་ལྟར་འདུལ།བཏུལ་ཚར་ནས་དམ་རྩི་སྦྱར་བའི་སྐབས་སུ་མྱང་རྩི་སྤྲས་ཀྱིས་ཁ་བསྒྱུར་ན་གསེར་གྱི་མདོག་ལྟར་འབྱུང་ངོ་།།
  • ལེ་ཚན་སྔོན་མ།:ཟངས་འདུལ་གྱི་ལག་ཤེས།
  • ལེ་ཚན་རྗེས་མ།:མཚལ་འདུལ་གྱི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།