ཁྱེད་ཀྱིས་ངོ་མཚར་བའི་ཤེལ་བུམ་འདི་མཐོང་མྱོང་ངམ།

ཨོ་རྒྱན་དོན་གྲུབ།        2020-08-10

ཁྱེད་ཀྱིས་ངོ་མཚར་བའི་ཤེལ་བུམ་འདི་མཐོང་མྱོང་ངམ།

   ཤེལ་ཆས་ལ་གནའ་རབས་སུ་བེཌཱུརྱ་ཡང་ཟེར། རྒྱུ་གཙོ་བོ་ནཱ་དང་ཀའེ་སོགས་ཀྱིས་གྲུབ་ཅིང་། དེའི་ནང་གི་ཅཱ་དང་རྨེ་ཡི་འདུས་ཚད་ཅུང་མཐོ། ཚོད་དཔག་བྱས་པ་ལྟར་ན་སྔ་དུས་དབྱི་སི་ལམ་གྱི་དྲི་བཟང་ཤེལ་བུམ་དེ། དར་གོས་ཚོང་ལམ་བུ་བརྒྱུད་ནས་རང་རྒྱལ་དུ་དར་བར་སྙམ། ཡུལ་ཤུལ་ནས་ཐོན་པའི་ཤེལ་བུམ་འདི་བཟོ་རྩལ་ཞིབ་ཚགས་ཆེ་ཞིང་མགོ་མཇུག་ཆ་ཚང་བ། ཚོན་རིས་རྣམ་པར་བཀྲ་བ་བཅས་ཀྱིས་ཤེལ་ཆས་ནང་རྙེད་དཀའ་བའི་སྤུས་ལེགས་སུ་བརྩི་བཞིན་ཡོད། ཤེལ་བུམ་འདི་ནི་ད་ལྟར་མཚོ་སྔོན་ཞིང་ཆེན་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་འདུག།


  • ལེ་ཚན་སྔོན་མ།:ཁྱེད་ཀྱིས་བོད་ལ་རི་མོའི་ལག་རྩལ་ནམ་ཞིག་ནས་དར་བ་ཡིན་པ་ཤེས་སམ།
  • ལེ་ཚན་རྗེས་མ།:བོད་ཀྱི་འཇལ་གཤོར་གདེགས་གསུམ་གྱི་ཚད།
  • དོ་སྣང་ཆེ་བའི་རྩོམ།