དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། 2011-02-25
དངུལ་གྲང་འདུལ་གྱི་ལག་ལེན་ཡང་སྤྱིར་གསེར་དང་འདྲ་བ་ལ།སླ་ཐབས་སུ་རྡོ་གཞོང་དུ་སོལ་ཕྱེ་མང་པོ་བླུགས་པའི་ནང་དངུལ་བཞུས་མ་བླུགས་ལ།མ་གྲང་བར་དུ་རྡོ་རིལ་གྱིས་མཉམ་དུ་ཤེད་ཕྱུང་ནས་འདུལ་བསྲུབ་ཚ་དྲག་ཏུ་བྱས་པས།བརྡར་མི་དགོས་པ་རྩམ་པ་རྩིང་པོ་ཙམ་འབྱུང་བ་དེ་སླ་ཐབས་ཡིན།མ་དུལ་བས་རྩིང་ན་སྔར་ལྟར་བཞུས་ནས་ཡང་དུ་འདུལ།བཏུལ་བའི་ཕྱེ་མར་གཡའ་དྲེག་འབྱུང་བས་གཡའ་འདོན་ལ།སྟར་བུ་དང་ཚ་ལ།བུལ་ཏོག་གསུམ་གྱི་ཁུ་བ་དྭངས་མ་བགྲུང་བའི་ནང་དུ་ཡང་ཡང་བསྣུར་ཏེ་བཀྲུས་ན་དངུལ་མདོག་ལེགས་པོ་འོང་བ་དང་།ཡང་ན་ཆང་དང་སེ་འབྲུའི་ཁུ་བ་སྦྱར་ཏེ་བཙོ་བཀྲུ་བྱས་ན་མདོག་ལེགས་པོ་འོང་ངོ་།།
རྩོམ་གསར། 10