གསེར་གྲང་འདུལ་སྟབས་བདེ།

དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན།    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-25

གསེར་འདུལ་སྟབས་བདེ་ནི།གསེར་གོང་ལྟར་སྦྲང་གཤོག་ལྟར་བརྡུངས་པ་དེ་བཅད་གཏུབ་བྱས་ནས་རྡོ་དཀར་མཁར་གོང་གི་ཕྱེ་མ་དང་ལྷན་ཅིག་རྡོ་གཏུན་དུ་འདུལ་ཐུབ་ངེས་བྱས་ནས་སླར་ལྕི་བས་བཏུམས་པ་སྐམ་ནས་མེར་བསྲེགས།ཐལ་བ་ཆུ་ནང་དུ་དལ་བུས་དཀྲུག་པས་རྡོ་ཕྱེ་དང་གསེར་སོ་སོར་ཕྱེ་འོང་བས་དེ་ལྟར་ལན་འགའ་བྱས་པའི་གསེར་རྡུལ་དང་བྲལ་བ་དེ་ཡང་དུ་བཏུལ་ནས་བྲིས་ན་རྒྱུག་ངེས་བྱུང་ཚེ།དེ་ལ་ཡོང་ཆུ་ནས་མེ་ལ་སེར་ཙམ་བརྔོས་པའི་ཁུ་བའམ།ཡང་ན་སྤྱིན་ཆུའི་དམ་རན་པར་སྦྱར་ནས་སྤྱོད་ཆོག་གོ།  གསེར་འདུལ་སྦྱོར་མ་ཞག་ལ་བཞག་ན་གཡའ་ནག་ལྟ་བུ་འབྱུང་བས་ཚོན་ཀོང་ནང་དུ་ཆུ་བླུག་ལ་འདུལ་ཤིང་གིས་དཀྲུག་འདུལ་བྱས་ཏེ་གཡའ་ཁུ་ཡང་ཡང་འདོན།དེ་ནས་སྤྱིན་ཆུ་བསྲེས་ཏེ་སྔར་བཞིན་སྤྱོད་ལ།ཟར་ཁུ་ཅུང་ཟད་བསྲེས་ན་གསེར་ཞུན་འཇམ་འོང་བ་ཡང་བཤད་དོ།།
  • ལེ་ཚན་སྔོན་མ།:གསེར་གྲང་འདུལ་གྱི་ལག་ཤེས།
  • ལེ་ཚན་རྗེས་མ།:དངུལ་གྲང་འདུལ་གྱི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།