ལྷ་བཟོ་ཨ་ཀོང་བུ་ཤེར།

ཀུན་ཁྱབ།        2021-03-03

   ཨ་ཀོང་བུ་ཤེར་ནི་སྤྱི་ལོ་༡༩༥༢ལོར་ཨ་ལོ་ཞེ་དགའ་གྲོང་དུ་སྐུ་འཁྲུངས། ཆུང་དུས་སྒར་བྲིས་པ་རྒན་བཀྲ་ཤིས་རྡོ་རྗེ་དང་བཟོ་རྒྱལ་ཐང་བླ་ཚེ་དབང་སོགས་ཀྱི་མདུན་ནས་ལྷ་བྲིས་སྦྱངས།  དཔལ་སྤུངས་དགོན་པའི་གྱང་ལྷ་འབྲི་བའི་ལས་གྲལ་དུ་ཞུགས་ཤིང་མཁས་དབང་ཁང་སར་འཇམ་དཔལ་སོགས་དང་ལྷན་དུ་ལོ་ངོ་གསུམ་གྱི་རིང་དུ་རྡོར་བྲག་དགོན་པའི་གྱང་ལྷ་བྲིས།  དེ་ནས་སྔ་ཕྱི་རིམ་བཞིན་ཀཿཐོག་རྡོ་རྗེ་གདན་དང་དཔལ་ཡུལ་དགོན།  ཨེ་ཝཾ་དགོན། ཁྲལ་སོ་དགོན་སོགས་ཀྱི་ལྡེབས་རིས་དང་ཕྱི་ནང་གི་ཚོན་རིས་བཅས་བྲིས།ད་ལྟ་ཡུལ་ཚོའི་མགོ་གཙོ་སོགས་ཀྱི་འགན་བཞེས་བཞིན་བཞུགས།

  • ལེ་ཚན་སྔོན་མ།: ལྷ་བཟོ་དིལ་ཆུང་ཆོས་ཕྲུག
  • ལེ་ཚན་རྗེས་མ།:ལྷ་བཟོ་བཀྲ་ཤིས་རྡོ་རྗེ།