ལྷ་བཟོ་དིལ་ཆུང་ཆོས་ཕྲུག

ཀུན་ཁྱབ།        2021-03-03

   ལྷ་བཟོ་དིལ་ཆུང་ཆོས་ཕྲུག

   ཆོས་ཕྲུག་ནི་སྤྱི་ལོ་༡༩༧༢ལོར་ཨ་ལོ་ཁབ་སྟེང་དུ་སྐྱེས་ཤིང་། ༡༩༧༦ནས་༡༩༨༡ལོའི་བར་དུ་ཁབ་སྟེང་དམངས་བཙུགས་སློབ་གྲྭ་ནས་སྦྱོར་ཀློག་དང་རྨང་གཞིའི་ཤེས་བྱ་རྣམས་བསླབས།དེ་ནས་ལོ་ངོ་བརྒྱད་ཀྱི་ཐོག་ལ་གཅེན་པོ་བུ་ཁེ་དང་ལྷན་དུ་དཔལ་སྤུངས་སུ་སོང་ནས་སློབ་དཔོན་ཐང་བླ་ཚེ་དབང་མཆོག་གཙོ་བོ་བྱས་པའི་སྒར་ལུགས་སློབ་དཔོན་དུ་མའི་མདུན་ནས་རི་མོ་དང་།  ཚོན་མདངས་སོགས་ཀྱི་རྨང་གཞིའི་ཤེས་བྱ་སྦྱངས།   ༢༠༠༣ནས་༢༠༠༥ལོའི་བར་དུ་ཀརྨ་སྒར་བྲིས་ཀྱི་མཁས་དབང་དུ་མ་དང་ལྷན་དུ་གེ་སར་སྟོང་ཐང་ཆེན་མོའི་ལས་གྲལ་དུ་གདན་ཞུས་ལྟར་ཕེབས་ཏེ་དེ་རུ་ལྷ་བཟོ་དུ་མ་དང་ཕན་ཚུན་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་ལེགས་པོ་བྱུང་། ༢༠༠༥ནས་༢༠༠༩ལོའི་བར་དུ་རི་མོ་བ་གྲགས་ཅན་ཁང་སར་འཆི་མེད་དང་ལྷན་དུ་ཁྲིང་ཏུའུ་རུ་ཀརྨ་སྒར་བྲིས་ཀྱི་ཐང་ག་མང་པོ་བྲིས་ཤིང་། དེ་ནས་༢༠༡༠ལོར་གཅེན་པོ་བུ་ཁེ་དང་ལྷན་དུ་ལྷ་ས་རུ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གྱི་ཞལ་ཐང་བྲིས།   ༢༠༡༡ལོར་སྡེ་དགེ་དགོན་ཆེན་དགོན་པའི་ལྡེབས་རིས་དང་རྡོ་གཡུ་ཐོག་དགོན་གྱི་ཐང་ག་སོགས་བྲིས་བཞེངས་བྱས། གཞན་ཡང་མདོ་ཁམས་སྨད་ཕྱོགས་ཀྱི་དགོན་སྡེ་དུ་མའི་ལྡེབས་རིས་དང་ཚོན་རིས་བྲིས་ཤིང་། རྒྱ་ནག་པེ་ཅིང་སོགས་སུ་ཐང་ག་འགྲེམ་སྟོན་ལ་ཕེབས་པ་དང་། ད་ལྟའི་བར་དུ་གཅེན་པོ་བུ་ཁེ་དང་ལྷན་དུ་སྡེ་དགེ་ལྷུན་གྲུབ་སྟེང་དུ་སྒར་བྲིས་ཀྱི་ཞལ་ཐང་བརྒྱ་ཕྲག་ལས་འདས་པ་བྲིས་དང་འབྲི་བཞིན་ཡོདལ།  སྒར་བྲིས་རྣལ་མའི་བྲིས་རྒྱུན་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་དང་རྒྱུད་འཛིན་བྱེད་བཞིན་མཆིས། །

 

  • ལེ་ཚན་སྔོན་མ།:ལྷ་བཟོ་ར་རུ་ཀརྨ་ཚུལ་ཁྲིམས།
  • ལེ་ཚན་རྗེས་མ།:ལྷ་བཟོ་ཨ་ཀོང་བུ་ཤེར།