རྩོད་པ།

དགེ་འདུན།    སྦྲང་ཆར།    2011-07-14

གྲྭ་པ་ཞིག་དང་སྔགས་པ་ཞིག་མགྲོན་ཁང་དུ་སྡོད་སྐབས་སུ། སྔགས་པས་གྲྭ་པ་དེ་ལ་ཨ་ཁུ་ཁྱོད་གྲྭ་ཚང་གང་གི་གྲྭ་པ་ཡིན་ཟེར་བར། ཨ་ཁུས་ང་མཚན་ཉིད་གྲྭ་ཚང་གི་གྲྭ་རིགས་ཙམ་ཡིན། འོན་ཀྱང་མཚན་ཉིད་ནི་གོ་མི་འདུག་ཅེས་ཟེར་བ་ལ། སྔགས་པ་ན་རེ། མཚན་ཉིད་ནི་དེ་འདྲའི་དཀའ་བ་ཞིག་ག་ལ་ཡིན། ཡིན་པར་ཐལ་ཟེར་ན་འདོད་དང་། ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་ཟེར་རྒྱུ་འབའ་ཞིག་ཡིན་པས། དེའི་སླ་ཞིག་གང་ན་ཡོད་ཅེས་སྣང་ཆུང་གིས་བཤད་པར། ཨ་ཁུས་འཛུམ་དང་བཅས་ཏེ་ཡ་བཟང་གི། འོ་ན་ངས་ཁྱོད་ལ་རྟགས་གསལ་ཞིག་འཕེན། ཁྱོད་ཀྱི་ལན་ལན་ཐོབས་ཟེར་ནས། ཨ་ཁུ་སྔགས་པ་ཆོས་ཅན། བོང་བུ་ནག་ནག་གི་བུ་ཡིན་པར་ཐལ་ཞེས་འཕངས་ཚེ། སྔགས་འདོད་ཅེས་ལན་བཏབ་རྗེས་ངོ་ཚ་ནས་བཞིན་མདངས་དམར་པོ་གྱུར་ཏོ། ། རྩོམ་སྒྲིག་པ་ཨོ་རྒྱན།
  • ལེ་ཚན་སྔོན་མ།:ཚོ་རིད་ཐབས་ལེགས་པོ་ཞིག
  • ལེ་ཚན་རྗེས་མ།:དགོད་གཏམ་ཁག་བཞི།