མི་ནུས་པ་ཅན།

བདུད་ལྷ་མཁར།        2015-03-03

སྐུ་དྲག་ཧམ་སེམས་ཅན་ཞིག་ཡོད་པ་དེས་གཡོ་ཐབས་ཀྱིས་གཡོག་པོར་ཆང་དམ་སྟོང་བ་ཞིག་གཏད་དེ་ཁྱོད་སོང་ལ་ཆང་ཞིག་ཉོས་ཤོག་ཟེར།གཡོག་པོས་ཆང་ཉོ་བྱེད་སྒོར་མོ་བསླངས་པ་ལ།སྐུ་དྲག་གིས་ཁྱོད་འདི་ཇི་འདྲའི་གླེན་པ་ཞིག་ཨང་།སྒོར་མོ་ཡོད་ན་སུ་ཞིག་གིས་ཆང་ཉོ་མི་ཐུབ།སྒོར་མོ་མ་བཀོལ་བར་ཆང་ཉོ་ཐུབ་ན་ད་གཟོད་མི་ནུས་པ་ཅན་དུ་རྩི་བ་ཡིན་ཞེས་བཤད་པར།གཡོག་པོས་ཀྱང་ཅི་ཡང་མ་བཤད་པར་ཆང་དམ་བཟུང་ནས་སྒོར་སོང་།ཅང་མ་འགོར་བར་གཡོག་པོས་ཆང་དམ་སྟོང་བ་དེ་ཁྱེར་འོངས་ཏེ་སྐུ་དྲག་གི་ལག་ཏུ་གཏད་ཞོར་ལ་སྐུ་དྲག་ལགས།ཆང་ཉོས་ཟིན།ཁྱོད་ཀྱིས་བཞེས་རོགས་གནོངས་ཟེར།སྐུ་དྲག་གིས་དམ་བེ་སྟོང་བ་ཡིན་པ་མཐོང་འཕྲལ་རྫིག་ཉམས་དང་བཅས་ཆང་ཐིགས་པ་ཙམ་ཡང་མི་འདུག་པར་ཅི་ཞིག་འཐུང་རྒྱུ་ཞེས་ངར་སྐད་སྒྲོག་པར།གཡོག་པོས་ཅི་མི་སྙམ་པར་ཆང་ཡོད་ན་སུ་ཞིག་གིས་འཐུང་མི་ཤེས།ཆང་མེད་བཞིན་དུ་དམ་བེ་སྟོང་བ་ནས་ཆང་འཐུང་ཤེས་པ་ད་གཟོད་མི་ནུས་པ་ཅན་དུ་རྩི་བ་ཡིན་ཞེས་བཤད་པར།སྐུ་དྲག་དེ་ལྐུགས་པ་ལྟར་གྱུར་ཏེ་ཅི་ཡང་བཤད་རྒྱུ་མ་བྱུང་ངོ་།།
  • ལེ་ཚན་སྔོན་མ།:དམར་འཛིང་ཞིག་སྔོན་འགོག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།