
ཨ་རིའི་གྲོང་ཁྱེར་ག་གེ་མོའི་ཁྲོམ་སྲང་ཞིག་ཏུ་བརྡ་ཁྱབ་ཅིག་སྦྱར་ཡོད་ཅིང་ནང་དོན་ནི་མི་སུ་ཞིག་གིས་ཨ་སྒོར་བརྒྱ་ཐམ་པ་བསྐུར་ཡོང་ན་འདི་ནས་ང་ཚོས་ཁོང་ལ་ཨ་སྒོར་ཆིག་སྟོང་བཙལ་ཐུབ་པའི་གདམས་པ་བྱིན་ཆོག་ཅེས་བཀོད་ཡོད།མི་ཞིག་གིས་ཨ་སྒོར་བརྒྱ་ཐམ་པ་དང་འཕྲིན་ཡིག་ཅིག་སྤྲིངས་པའི་ཡིག་ལན་དུ་ཁྱེད་ཀྱིས་རང་ཉིད་དང་འདྲ་བའི་གླེན་པ་བཅུ་ཚོལ་ཞིག་ཅེས་བྲིས་ཡོད།