མིང་དུ་གྲགས་པའི་སྨན་པ་ཞིག་གིས་མཆི་ཁར་ཁོང་གི་དགེ་ཕྲུག་རྣམས་ལ“ངས་རླབས་ཆེན་གྱི་སྨན་པ་གསུམ་ཤུལ་དུ་བཞག་ཡོད།”ཅེས་གསུངས་པ་ན།དེར་ཡོད་ཀྱི་སྨན་ཕྲུག་ཡོད་ཚད་ཀྱིས།རང་ཉིད་ནི་ཁོའི་ཤུལ་འཛིན་མཁན་ཡིན་པའི་རེ་བ་ཆེན་པོ་བཅངས།
ཡིན་ནའང་ཁོང་གིས།“ཁྱད་དུ་འཕགས་པའི་སྨན་པ་འདི་གསུམ་པོ་ནི་ཆུ་དང་།འགུལ་སྐྱོད།ཡང་དག་པའི་ཟས་བསྟེན་ཚུལ་གསུམ་ཡིན”ཟེར།