དགོངས་པ་མ་འཚོམ་ངས་བརྗེད་པ་རེད

གངས་དགའ།    སྤང་རྒྱན་མེ་ཏོག་ལས་བདམས།    2011-01-10

ཉིན་ཞིག་ཁྱོ་ག་ཡང་མཚན་གང་ལོག་མ་ཡོང་བས།བུད་མེད་དེ་ཁོང་ཁྲོ་བཟོད་ཐབས་བྲལ་བ་ཞིག་ལངས།ཕྱི་ཉིན་ནམ་ལངས་མ་ཐག་ཏུ་ཁྱོ་ག་སྒོར་འཛུལ་ཡོང་བས་བུད་མེད་དེས་རྒྱུག་པ་ཞིག་མགོ་བོར་ཤུགས་ཀྱིས་གཞུས་ཏེ་ཁྱོ་ག་དེ་དྲན་པ་ཐོར་དགོས་པ་ཞིག་བཟོས།གང་འཚམ་ཞིག་ནས་ཁྱོ་ག་དེ་དྲན་པ་སོས་ཡོང་བས་ཁོས་ཡ་མཚན་ངང་བཟའ་ཟླར་ང་ག་རེ་བྱས་སོང་ཞེས་དྲིས་པར་བཟའ་ཟླས་ངུ་ངག་དང་བཅས་ཏེ་སྙིང་སྡུག་ལགས།ངས་ཁྱེད་རང་མདང་དགོང་བཟོ་གྲྭར་མཚན་ལས་ཕྱིན་པ་དེ་བརྗེད་པ་རེད།དགོངས་པ་མ་འཚམ་རོགས་ཞེས་བཤད་དོ།
  • ལེ་ཚན་སྔོན་མ།:ཟས་ཁང་དུ་སོང་བ།
  • ལེ་ཚན་རྗེས་མ།:ལས་རྒྱུ་འབྲས་ཟེར་བ་འདི་རེད།