ཉིན་ཞིག་གྲོགས་པོ་མཐུན་མོ་བཅུ་མཉམ་དུ་འཛོམས་ནས་ཚང་མ་ཟས་ཁང་དུ་སོང་བ་རེད། ཟས་ཁང་གི་ཞབས་ཞུ་པས་ཆེས་རྗེས་མར་ཁྱེར་ཡོང་བའི་ཟས་རིགས་ཤིག་ནི་བཟོ་དབྱིབས་ཧ་ཅང་ལེགས་པའི་སྒོ་ངའི་བག་ལེབ་ཆུང་ཆུང་འགའ་ཡིན་ཏེ། མ་ཆེན་གྱིས་སྣང་དོ་མ་བྱེད་པར་ལྷག་མ་གཅིག་སྟེ་སྡེར་མ་རུ་བག་ལེབ་ཆུང་ཆུང་བཅུ་གཅིག་ཡོད་པ་རེད། ཁོ་ཚོ་མི་རེ་རེས་བག་ལེབ་རེ་རེ་བཟས་རྗེས་ཧ་ཅང་ཞིམ་པས་མ་ཚད། སྡེར་མ་རུ་ད་རུང་གཅིག་ལྷག་ཡོད་པ་རེད།
སྐབས་དེར་ཀ་པས་ཁ་པ་ལ། གྲོགས་པོ་འདིར་གཅིག་ལྷག་ཡོད་པ་དེ་ཁྱོད་ཀྱིས་མ་རྒན་ལ་ཁྱེར་ཅིག་ཟེར།
ག་པས་ང་པ་ལ། ཁྱོད་ཀྱི་ཁྱིམ་དུ་བྱིས་པ་ཆུང་ཆུང་ཡོད་པས། བག་ལེབ་ལྷག་མ་དེ་ཁྱོད་ཀྱིས་ཁྱེར་ཅིག་ཅེས་ཟེར།
ཚང་མས་ཕར་སྟེར་ཚུར་སྟེར་བྱེད་བཞིན་པའི་སྐབས་དེར། གློ་བུར་དུ་གློག་མེད་པར་སོང་བ་དང་། ཨ་ཞེས་པའི་སྒྲ་ཞིག་དང་མཉམ་དུ་གློག་ཡང་ཐོན་སོང་བས། གཅིག་བལྟས་པ་ན། ཟ་ཐུར་ཆ་དགུས་ལག་པ་གཅིག་གི་སྟེང་ན་འཛེར་ཡོད་པ་མཐོང་།