བརྐམ་ཆགས་ཅན་རྣམས་ཀྱི་ཕུང་འབྲས།

        2016-06-13

    སྔོན་མུ་གེ་བྱུང་བ་ན་རྔན་པ་ཞིག་གིས་མདའ་དུག་ཅན་གྱིས་གླང་པོ་ཆེའི་གནད་དུ་བསྣུན་པ་དང་། གླང་པོ་ཆེས་མདའི་ཕྱི་རྗེས་བཞིན་དུ་སོང་ནས་རྔོན་པ་དེ་སྲོག་དང་ཕྲལ་ནས་གཉིས་ཀ་ཤིའོ། ཆོམ་རྐུན་པ་ལྔ་བརྒྱ་ཕྱོགས་དེ་ཕྱིན་པས་གླང་པོ་ཆེའི་རོ་མཐོང་ནས། ཉིས་བརྒྱ་ལྔ་བཅུས་ནི་ཆུ་ལེན་དུ་སོང་ངོ་། དེར་ཤ་འཚོད་པ་རྣམས་བདག་ཅག་གིས་ཤ་ཅི་ཡོག་ཟོས་ནས་ལྷག་མ་ལ་དུག་གདབ་ན་དེ་དག་ཤི་བས་རྐུན་རྫས་ཐམས་ཅད་བདག་ཅག་གི་འགྱུར་རོ་སྙམ་སྟེ་ཤ་ལྷག་མ་ལ་དུག་བཏབ་སྟེ་བཞག་གོ ། ཆུ་ལེན་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ངན་སེམས་དྲན་ནས་རང་གིས་ཆུ་ཅི་ཡོག་བཏུང་ནས། ཆུ་ལ་དུག་བཏབ་སྟེ་འོངས་པས། ཕན་ཚུན་ཟོས་ཤིང་བཏུང་པས་ཐམས་ཅད་ཤི་བར་གྱུར་ཏོ།།
   ཇི་ཙམ་ན་ཝ་ཞིག་འཆི་བདག་གི་ཞགས་པས་བཅིངས་ནས་ཁྲིད་པ་ལྟར་ཕྱོགས་དེར་འོངས་པ་ན། རོ་དེ་དག་ཐམས་ཅད་མཐོང་ནས་ཆགས་པས་དགའ་ཆེས་ཏེ་བསམས་པ། བདག་གིས་རྙེད་པར་མ་ཟད་མི་ཤེས་པ་འདི་སྙེད་ཅི་སྙེད་ཀྱིས་བདག་གིས་བྱས་ཤིང་རིམ་གྱིས་བཟའོ་སྙམ་དུ་བཟང་པོ་ཟ་མ་ཕོད་པར། གཞུ་མཆོག་ཁར་བཅུག་སྟེ་གཞུ་རྒྱུས་ཀྱི་རྒྱུས་པ་འཆའ་ཞིང་ཟོས་པས། གཞུ་རྒྱུད་ཆད་དེ་མཆོག་མ་རྐན་ལ་ཕོག་ནས་ཤི་བར་གྱུར་ཏོ།།
 

  • ལེ་ཚན་སྔོན་མ།:འཇིག་རྟེན་ཆོས་ཉིད་ལས་འགལ་བའི་ཉེས་ཆད།
  • ལེ་ཚན་རྗེས་མ།:ལུ་གུ་ནག་པོ།