རང་སེམས་ལ་དཔྱད་པ།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-26

རང་སེམས་ལ་དཔྱད་པ།
གཟི་བརྗིད་རླབས་ཆེན་ཟེར་བའི་ཚིག་དེ་བརྩེ་ཚིག་ཡིན་པའི་ངེས་པ་མེད། །
ལེགས་ལེགས་མཛེས་མཛེས་བསྙད་པའི་ཚིག་ཀྱང་སེམས་འདུན་ཡིན་ལ་ངེས་པ་ཅི། །
བྲག་རོང་སྐན་སྒྲ་རྟག་ཏུ་རྡེབ་པའི་ནགས་ཚལ་རྫོང་མཁར་བརྒལ་བ་ན། །
མིག་སྔར་གསལ་བའི་བྱེ་ཐང་དེ་ནི་འཚེར་བའི་ས་སྒང་ཡིན་ཡང་སྲིད། །
 རང་སེམས་ལ་དཔྱད་པ།
ཤེས་རབ་བུ་ཆུང་བག་ཡོད་མིན་འུར་བསྟོད་རྔམ་མེའི་ཟས་སུ་འགྱུར། །
 
ཡིན་མིན་བཟང་ངན་གཉིས་མཐའ་སེལ་བའི་དབུག་གནས་ཚུལ་སྐྱེས་བུ་ཡིས། །
རང་སེམས་བདེན་རྫུན་དགའ་སྡང་ཙམ་ཡང་གཟིགས་རྟོགས་ཡུལ་དུ་དགོངས་པར་མཁས། །                                          ༡༩༨༨  ༢  ༡༠སྐྱེས་སྐར་ཉིན་རང་ཁྱིམ་དུ།
  • ལེ་ཚན་སྔོན་མ།:འགོ་ཚུགས་ས།
  • ལེ་ཚན་རྗེས་མ།: གཟའ་ཉི་མ།