གཞོམ་གཞིགས་བྲལ་བའི་མེ་ལོང་།༼བྷོད་ཐང་མཐུན་འབྲེལ་རྡོ་རིང་།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

ལོ་མང་གཡུལ་གྱི་རྡུལ་དམར་རླུང་གིས་གནམ་སའི་གུར་ཁང་ཡངས་འདི་མོག་པོར་བསྒྲུབས།།
སྨིན་པའི་ལོ་ཏོག་མེ་ཡིས་སྲེག་ཤིང་གནག་ཕྱུགས་གསོད་འཕྲོག་ཕོངས་པའི་གནས་སུ་བསྒྱུར།།
མནར་སྡུག་མཆི་མའི་རྒྱ་མཚོ་བསྐྱིལ་ལ་གཞོམ་བྲལ་ལོ་རྒྱུས་རྡོ་རིང་ཆེད་དུ་བཞེངས།།
དུད་རྡུལ་མྱི་སྣང་ས་ས་མལ་མལ་བག་བརྐྱང་བདེ་བའི་གཙིགས་ཆེད་རྗེས་སུ་བཤམས།།
ཡིད་ཆེས་དྲི་མེད་ལྷ་རྫས་དཀར་པོ་བརྩེ་དུང་གྲུ་ཆར་འཇོ་བའི་སྤྲིན་པ་ལགས།།
གྲོགས་བརྒྱ་ཉུང་སེམས་དགྲ་གཅིག་མང་སེམས་གནའ་མིའི་ལེགས་བཤད་སེམས་ཤིང་བསམས་པའི་ཚེ།།
བཀྲ་ཤིས་བདེ་ལེགས་ངག་གིས་བསུ་ལ་ཚེ་རིང་བདེ་སྐྱིད་ཚིག་གིས་སྐྱེལ་མ་གྱིས།།
  • ལེ་ཚན་སྔོན་མ།:རྩེ་ཕོ་བྲང་པོ་ཏ་ལ།༼མདུན་སྐྱོན་པར་བསྐྲུན་པའི་རྡོ་སྟེགས།༽
  • ལེ་ཚན་རྗེས་མ།:སྔོན་རབས་པའི་ཞབས་རྗེས།༼བྷོད་ཐང་མཐུན་འབྲེལ་རྡོ་རིང་།༽