གངས།

གཟི་ནག་པོ།        2025-02-20

རྡོག་པས་ཚེ་ཕྱེད་མ་ཐེབས་པའི།།

རྨི་ལམ་ཁྲོད་ཀྱི་དབུས་རི་དེ།།

ཚེ་འདིའི་རྒྱུད་སྐུད་ཕྲ་མོའི་སྟེང་།།

ལན་གཅིག་མཇལ་འཛོམ་བྱུང་བའི་ཚེ།།

བདག་ཡིད་པད་མའི་ཟེ་འབྲུ་ལ།།

མཛེས་པས་རྒྱགས་པ་མེད་ན་ཡང་།།

སྒྱུ་འཕྲུལ་ལས་གྲུབ་ཕོན་པོ་དེ།།

ཡིད་དབང་མགུ་བའི་གསོ་བྱེད་ཡིན།།

ཡིན་ཡང་དུབ་པའི་དབང་པོའི་ཚོགས།།

བདག་ལ་དབང་མེད་ཉག་གཅིག་སྟེ།།

ལས་སུ་བརྐོས་པའི་ཆེན་པོ་ཡིས།།

ཐམས་ཅད་རྒྱ་རུ་ཚུད་པར་བྱས།།

འོན་ཏང་དྲི་མེད་མེ་ལོང་ངོས།།

ཁྱེད་རང་ཧ་ཅང་བརྗིད་ཆགས་ཤིང་།།

སྡུ་གུ་ཞིག་གིས་བཀང་བས་ན།།

རེ་ཞིག་རེ་བ་བྱེད་པར་བྱ།།



  • ལེ་ཚན་སྔོན་མ།:བྲག་ཕུག་པ།
  • ལེ་ཚན་རྗེས་མ།:སྙན་ངག་པ་ཊཻ་གཱོར་ལ།