འགྲོ་དགོས་བྱུང་བ།

འབྲོག་སྨྱུག་གྲོལ།        2021-09-03

ཆུ་ཆེན་རྒྱ་མཚོའི་གཏིང་ན།།

རིན་ཆེན་ནོར་བུ་ཡོད་ཟེར།།

ནུས་རྩལ་དེ་འདྲ་མེད་ཀྱང་།།

དྲིན་ཆེན་ཕ་མའི་སྨོན་འདུན།།

མི་འགྱུར་ཡིད་ལ་བཟུང་ནས།།

ཅིས་ཀྱང་འགྲོ་དགོས་བྱུང་བ།།

ཤེས་རིག་སློབ་གྲྭའི་གླིང་ན།།

བཅུ་ཕྲག་རིག་གནས་ཡོད་ཟེར།།

ཤེས་ཡོན་དེ་ཙམ་མེད་ཀྱང་།།

མ་འོངས་མདུན་ལམ་ཆེད་དུ།།

རྡོ་བརྐོས་དམ་བཅའ་བྲིས་ནས།།

ཅིས་ཀྱང་འགྲོ་དགོས་བྱུང་བ།།

མདུན་རི་མཐོན་པོའི་རྩེ་ན།།

སྐྱིད་པའི་དར་ཆ་ཡོད་ཟེར།།

དབང་མཐུ་དེ་ཙམ་མེད་ཀྱང་།།

གཡང་ཁྱིམ་དྲོད་མོའི་སླད་དུ།།

ཤ་སྐམ་རུས་རལ་འགྱུར་ཡང་།།

དབུགས་ཀྱི་རྒྱུན་ཐག་རིང་ན།།

ཅིས་ཀྱང་འགྲོ་དགོས་བྱུང་བ།།


  • ལེ་ཚན་སྔོན་མ།:སྙན་ངག་ནང་གི་མིག་ཆུ་ཕོར་གང་།
  • ལེ་ཚན་རྗེས་མ།:ཀ་རྩོམ་རང་ཡིག་རང་སྐད།