རས་པའི་མི་ཚེ།

སད་མི།        2021-01-27

བར་སྣང་གི་སྤྲིན་པ་འཚུབ་དུས་ཤིག་ལ།

ཆུ་ཐིགས་རྡོག་པོ་འགའ་ལས་མངར་སྐྱུར་མེད་པའི་

ཁམ་བུ་ཞིག་སྐྱེས།

དེ་དང་སྡོང་པོ་གཅིག་ལས་སྐྱེས་པའི་ཁམ་བུ་དག་ཁ་

དོག་ཡེ་ནས་མི་མཚུངས།

ཁམ་བུ་རེ་རེར་མིང་རེ་ཡོད་ཅིང་མིང་དེ་དག་ཁ་དོག་

ལ་བལྟོས་ནས་བཏགས་ཡོད།

འོན་ཀྱང་། ཁམ་བུ་ལྗང་ཁུ་ཞིག་ལ་ཁམ་བུ་ནག་པོ་

ཞེས་འབོད།

ཁམ་བུ་ལྗང་ཁུ་ཡིས་ནག་ཉེས་བསགས་པ་ཡིན་ནམ།

ཁམ་བུ་ནག་པོ་ཞེས་འབོད་དོན་ག་རེ་ཡིན་ནམ།

ཤག་ཤག་ཏུ་རྒྱུ་བའི་རླུང་གིས་སྡོང་པོ་བསྒུལ་ཞིང་།

སྡོང་པོ་འགུལ་ཐེངས་རེ་རེར་ལོ་འདབ་ས་རུ་ཟགས་

ཤིང་གྲུག

ཁམ་ལྗང་ནི་འཇིགས་སྣང་ཁྲོད་ནས་ནར་སོན་ནས་

ཡུན་རིང་འགོར་ནའང་།

ད་དུང་ཁམ་ནག་ཅེས་འབོད་ཅིང་བསམ་ངན་གྱི་

ཀུ་རེ་འདོན་པར་བྱེད།

ཉེ་ཆེ་བ་དེ་དག་གིས་ལྷག་ཏུ་བསམ་ངན་གྱི་ཀུ་རེ་

འདོན་པར་བྱེད།

ཁམ་ལྗང་ནི་ཁམ་ལྗང་ཡིན་པར་ཤེས་མཁན་མང་པོ་

མེད་ཅིང་འགའ་ཞིག་ཡོད།

སྡོང་པོ་ནི་དེའི་གྲལ་ཡིན་ཡང་སྡོང་པོས་ཁམ་ལྗང་

ཟེར་ནས་ནམ་ཡང་འབོད་མྱོང་མེད།

སྡོང་པོ་ནི་རྩ་བ་གཉིས་ལས་གྲུབ་ཅིང་རྩེ་མོའི་ལོ་ཏོག་

རྒྱས་ཆེ་ཤོས་དེ་ཡིན།

ལོ་ཏོག་ཆེ་རུ་ཆེ་རུ་ཕྱིན་པས་སྡོང་པོ་གཞན་གྱིས་སྡང་

མིག་གི་ཟུར་མདའ་འཕེན་ཡོང་།

དབྱར་ཚེས་ཀྱིན་ཚེས་ཀྱིན་ལོ་ཏོག་མང་དུ་བཀད་པས་

སྡང་སེམས་ཀྱང་མང་དུ་ཕྱིན།

ཞེ་སྡང་གིས་བརྟོལ་མི་ཐུབ་པ་དེ་སྙིང་རྗེ་ཡིན་ན།

ཁམ་ལྗང་ནི་སྙིང་རྗེ་ཞིག་དང་འདྲ་བར་སྡོང་རྩེར་

འགྱིངས་ནས་ཡོད།

ངག་མི་སྨྲ་བ་དང་རྣམ་རྟོག་དག་ཀུན་ནས་བསྡམས་

ཏེ་འགྱིངས་བར་བྱས།

དེ་ནི་རི་རབ་ལྟར་བརྗིད་ཅིང་མཚོ་མོ་ལྟར་གཏིང་ཟབ་

མོ་ཞིག་ཡིན་ཨང་།

ཀྱེ། མི་ཚོགས་ཀྱིས་མཐོང་བཞིན་ཡོད་དམ།

སྤྲིན་དཀར་དང་བྱ་ཁྱུ་ཡིས་བང་སྣང་དུ་ལྡིང་སྐོར་

བྱེད་ཀྱིན་ཨེ་འདུག

ཡེ་ཤེས་ཀྱི་ལྷ་ཚོགས་ཕོ་མོ་ཀུན་གྱིས་སྒྱུ་འཕྲུལ་གྱི་གླུ་གར་

ལ་རྩེད་བཞིན་ཨེ་འདུག

བྱིན་རླབས་ཀྱི་བླ་བྲེ་ཕུབ་ཅིང་གནས་ལུགས་ཀྱི་བདེན་

པ་སྟོན་གྱིན་འདུག་གམ།

ཡང་ན། རླུང་འཚུབ་ཀྱི་ཐལ་རྡུལ་ལས་གང་ཡང་མེད་

པ་འདྲའམ།

རྒོད་པོ་དང་འདྲ་བར་རླུང་གིས་བར་སྣང་དུ་སྐྱོད་

བཞིན་འདུག

ཉ་མོ་དང་འདྲ་བར་རྦ་རླབས་ཀྱི་ཁྲོད་དུ་འཁྱིལ་ནས་འདུག

ཉིན་ཞག་ཕྲུགས་གཅིག་གི་དུས་ཚོད་ནང་དུ།

སྡོང་པོ་གཞན་ནི་ཏིལ་འབྲུ་ཙམ་ལས་ཆེན་པོར་མ་སོང་།

ཁམ་ལྗང་ནི་དེ་ལས་ལྡོག་སྟེ་ལང་ཚོའི་མཛེས་སྡུག་གིས་

ས་གཞི་ཡོངས་སུ་བཀབ།

མིའི་སེམས་ཁམས་སུ་མངར་སྐྱུར་གྱི་བྲོ་བ་གཞི་ནས་

སྨིན་ཞིང་།

ཁམ་ལྗང་གི་རིན་ཐང་གཞི་ནས་ཕྱི་རོལ་དུ་མངོན་

པར་བྱས་པས།

མངར་སྐྱུར་གྱི་བྲོ་བ་མེད་ལས་ཡོད་པར་གྱུར་པ་དང་།

ཁམ་ནག་ཏུ་འབོད་པ་ལས་ཁམ་ལྗང་དུ་འབོད་པའི་

ཐ་སྙད་ཀྱང་མངོན་པར་བྱས།

ཁྱོད་རང་མྱ་ངན་གྱི་ཐང་ཆེན་ལྟ་བུའི་ར་སྐོར་དེ་ནས་

ལོ་ཤས་བསྡད་པར་བྱས།

ཁྱོད་རང་འཇིགས་སྐུལ་རིང་ལུགས་པའི་གཡུལ་ས་ལྟ་བུ་

དེ་ནས་ལོ་ཤས་བསྡད་པར་བྱས།

ཁྱོད་རང་དྲང་བདེན་འཆད་མི་ཆོག་པའི་བཙོན་ཁང་ལྟ་

བུ་དེ་ནས་ལོ་ཤས་བསྡད་པས་བྱས།

ཁམ་ལྗང་། སྡོང་པོས་ཀྱང་ཁྱོད་ལ་རང་མིང་ནས་སྐད་

ཆ་མ་བཤད་པའང་དོན་འདི་དག་ཡིན་པ་འདྲ།

ཁམ་ལྗང་། དེ་ལྟར་མི་ལོ་དུ་མའི་རིང་དུ་ཁེར་རྐྱང་

གི་དཀའ་བ་སྤྱད་པར་བྱས།

རྒྱང་རིང་ནས་བཞུར་ཡོང་བའི་རླུང་འཚུབ་དག་གིས་

ཁྱོད་རང་འཁུར་བར་བརྩམས།

ནམ་མཁའ་ནས་བབས་ཡོང་བའི་ཆར་ཆུ་དག་གིས་

ཁྱོད་རང་བསྐྲུ་བར་བརྩམས།

ཁྱིམ་མཚེས་ཀྱི་ལྗོན་ཤིང་དག་གིས་ཁྱོད་ལ་སིལ་ཏོག་

གི་མཆོད་པ་ཕུལ་བར་བརྩམས།

ཁྱོད་རང་རླུང་འཚུབ་ཀྱིས་གཡོ་མི་ཐུབ་ཅིང་ཆར་ཆུ་

ཡིས་བངས་མ་ནུས།

སིལ་ཏོག་གི་མཛེས་སྡུག་གིས་ཀྱང་བསླུ་བྲིད་མ་ནུས།

ཁྱོད་ནི་འཇའ་ཚོན་དང་འདྲ་ཡང་འཇའ་ཚོན་

བཞིན་དེངས་བར་མ་བྱས།

གནམ་གཤིས་ལ་ལྟོས་པ་མེད་པར་ཁྱོད་རང་དྲོད་

འཇམ་གྱིས་གནས་ཡོད།

འུར་ཟིང་ལ་ལྟོས་པ་མེད་པར་ཁྱོད་རང་ལྷིང་འཇགས་

ཀྱིས་གནས་ཡོད།

ཁྱོད་ཀྱི་མཁྲིས་སུ་གནས་འཆའ་བ་དག་གིས་ཁྱོད་རང་

ལྷ་ཆེན་པོ་ཡིན་པར་བཤད།

ངས་ནི་ཁྱོད་རང་ཏིང་འཛིན་ལ་བཅིབས་པའི་ལྗོན་

ཤིང་ཡིན་པར་བཤད།

ངས་ནི་ཁྱོད་རང་ཤིང་སྡོང་སྐམ་པོ་ཞིག་ཡིན་པའང་བཤད།

དགུན་ཐ་མའི་ཁ་བ་བསླེབས་ཚར་ནའང་ཁྱོད་རང་

སྔར་བཞིན་གནས།

ཕྱོགས་བཞིར་རྒྱུ་བའི་བྱ་ཚོགས་ཀྱིས་སྐོར་བ་བརྒྱབ།

བདག་གིས་ཀྱང་རྟག་ཏུ་གཡས་སྐོར་གཡོན་སྐོར་བརྒྱབ།

ཙག་རླུང་གིས་རྨས་མ་བཟོས་པའི་འགྲོ་བ་དག་གིས་

ལྷག་ཏུ་སྐོར་བ་བརྒྱབ།

འགྲམ་ངོགས་ཀྱི་སྡོང་པོ་དག་ཀྱང་ཚུར་ཚུར་སྒུར་བོར་བྱས།

སྔོ་བསང་གི་དུད་སྤྲིན་ཞིག་གིས་བར་སྣང་ཡོངས་

སུ་བཏུམས།

མི་ཚོགས་ཀྱིས་སུ་ཞིག་ལ་ཐལ་མོ་སྦྱར་བའམ་ཙོག་

པུར་བསྡད་དེ་ལུས།

མིག་མཐའ་ནས་མཆི་མ་རྒྱུ་ཞིང་སེམས་ནང་ནས་སྐྱོ་

གདུང་གི་རླུང་འཚུབ་རྒྱུ།

ཁྱོད་རང་གཅིག་པུར་སྟོང་བའི་ཁམས་སུ་བཞུགས་

ཤིང་འོད་ཟེར་འཕྲོས།

གྲིབ་སྨག་མེད་པར་བཞུགས་ཤིང་ཐོག་རེག་གི་མདུད་

པ་ཡོངས་སུ་གྲོལ།

སྡོང་པོ་ཡི་ལོ་འདབ་རེ་རེ་ག་ལེར་ས་གཞིའི་ངོས་སུ་གྲུག

ང་རང་མིག་ཆུ་ཡིས་བརྣངས་ནས་ཡུན་རིང་ལ་སྒོ་

ཁར་ལུས།

གློ་བུར་དུ། སུ་ཞིག་གིས་བྲང་གཞུང་དུ་ཁུར་

ཚུར་བསྣུན་པ་ལྟར།

རྡོ་སྒྲ་ཐྲིག་ཐྲིག་གིས་བར་སྣང་དུ་སྐོར་ལྡིང་བྱས།

འཇིག་རྟེན་ནི་སྟོང་ཁམས་ཆེན་པོ་ཞིག་ཡིན་ན།

མི་ཚེ་ཡང་འཛིན་པ་མེད་པའི་སྟོང་ཁམས་ཆེན་པོ་

ཞིག་ཡིན་ངེས།

ཁྱོད་ནི་འཛིན་པ་མེད་པའི་སྟོང་ཁམས་ཆེན་པོ་སྟེ།

སྐྱེ་བས་འཛིན་པ་མེད་པ་དང་འཆི་བས་ཀྱང་འཛིན་

པ་མེད་དོ།།

དྭངས་གཙང་གི་ཕ་རོལ་ནས་འོད་ལམ་ལམ་དུ་འཚེར་

བའི་སྐར་མ་དེ་ཉིད།

ལས་ཉོན་གྱིས་མནར་བའི་ང་ཚོའི་ཆེད་དུ་འཚེར་བ་

འདྲ་ཞིང་།

བདེན་དོན་ལ་ཅེར་བའི་མིག་ཟུང་དང་མྱང་འདས་ལ་

མོས་པའི་བྱིས་པ་དག་ལའང་འཚེར་བ་འདྲ།

ང་ནི་བྱིས་པ་ཞིག་ཁྱོན་ནས་མིན་པར་བསམས་ཤིང་

ཨུ་ཚུགས་ཀྱིས་འགྲེངས་བར་བྱས་ཀྱང་།

སངས་རྒྱས་ཀྱི་སྣང་ངོར་ང་རང་བྱིས་པ་ཞིག་ཡིན་

པ་གླེགས་བམ་ལས་ཀྱང་བཤད།

  • ལེ་ཚན་སྔོན་མ།:ལས་ཀྱི་བུ་ལོན།
  • ལེ་ཚན་རྗེས་མ།:ཁ་བྱང་མ་རྙེད་པའི་སྙན་ངག