ནག་བཟའ་སྐར་བརྒྱ། 2020-10-16
བེའུ་རྫི་ནས་ཡིག་རྫི་བྱེད་འགོ་རྩོམ་དུས་ཤིག་ལ།
མ་དྲིན་མོ་ཆེ་ལ་འགྲོགས་ཏེ། སྲང་ལག་ཅིག་ལ་ཉུལ་ན།
འཐེན་ཐུག་འཐུང་སྟེ་ལུག་ཤ་ཟོས་པ་ཡིན་ལ།
དེ་ལས་ཞིམ་པོ་ཞིག་མེད་པ་འདྲ།
ད་སྐབས་ཡིན་ན། རྫ་ཁོག་དང་མེ་ཐབ་ནི།
རྒྱུན་ལྡན་གྱི་བཟའ་བཏུང་ཞིག་ཏུ་གྱུར་ཡོད་ནའང་།
ཤ་ཞིག་མ་ཟོས་ན། ཟ་རྒྱུ་ཞིག་མེད་པའི་སྣང་བ་ཞིག་གིས།
ལུས་རྒྱགས་པོ་ཉི་ཟླ་འདྲ་ཞིག་གི་བཏང་།
ནད་མོད་པོ་རི་རབ་འདྲ་ཞིག་བརྩིགས་ཏེ།
ས་དྲོད་ས་དང་། ལུས་བདེ་ས་ཞིག་ལ།
རང་ཉིད་འཕེན་ཐབས་བྱས།
རྩོམ་གསར། 10