སྤྲིན་ཆུང་མ།

བསོད་ནམས་རབ་བརྟན།        2020-06-30

སྤྲིན་ཆུང་མ།

ཁྱོད་ནི་ནམ་མཁའི་སྤྲིན་དཀར་དེ་རེད།

ཞི་འཇམ་ནི་ཁྱོད་ཀྱི་མཛེས་སྡུག་ཡིན།

ཁྱོད་ལ་ནད་དུག་འགོག་བྱེད་ཀྱི་དངོས་གྲུབ་ཡོད།

སྤྲིན་ཆུང་མ།

ད་ལྟ་ཁྱོད་ཅིའི་ཕྱིར་ཁ་རོག་གེར་བསྡད་ནས་སྐད་ཆ་མི་བཤད་

པའི་རྒྱུ་མཚན་ཅི་ཡིན།

ཁྱོད་ལ་བཤད་མི་གཟོད་པའི་ན་ཟུག་ཅིག་ཡོད་དམ།

དུས་ངེས་མེད་དུ་སེམས་སྡུག་གི་མིག་ཆུ་ལྷུང་དོན་ཅི།

གཅིག་བྱས་ན་ཁྱོད་ཀྱི་སེམས་ནང་དུ་སྐྱོ་བ་མང་དྲགས་སོང་

བས་ཡིན།

སྤྲིན་ཆུང་མ།

ཁྱོད་ནི་ཅི་འདྲའི་དྭངས་ཤིང་གཙང་ལ།

དཀར་ཞིང་མཛེས།

ཁྱོད་ཁ་རོག་གེར་ངུ་མི་ཉན།

ཁྱོད་ཀྱིས་སེམས་སྐྱོ་བའི་རྣམ་པ་སྤངས་ནས།

རྒྱལ་ཁ་དང་གཟི་བྱིན་གྱི་ཕྱོགས་སུ་བསྐྱོད་འོས།

སྤྲིན་ཆུང་མ།

ཁྱོད་རང་མཛེས་སྡུག་དང་ཡིད་ཆེས་ཀྱིས་ཁེངས་དགོས།

ང་ནམ་ཡང་ཁྱེད་ཀྱི་གམ་ན་ཡོད།

གལ་ཏེ་ང་ཉིན་མཚན་བར་མེད་དུ་རྒྱུ་བའི་རླུང་བུ་ཞིག་ཡིན་ན།

ངས་སྙན་མཉེན་ངག་དབྱངས་གི་མཛེས་པ་ཁྱེར་ནས་ཁྱེད་ལ་

འབུལ་ངེས།

ཁྱོད་ཀྱི་སྡུག་བསྔལ་ཡོད་ཚད་བསལ་ན་འདོད།

སྤྲིན་ཆུང་མ།

ཉག་ཆུ་ཁ་སློབ་འབྲིང་གི་སློབ་མ།



  • ལེ་ཚན་སྔོན་མ།:བརྩེ་དུང་གི་རང་སྒྲ།
  • ལེ་ཚན་རྗེས་མ།:ཁྱེད།