སྙན་ངག་གི་མེ་ཏོག་ཆུན་པོ།

བཙན་པོའི་ཕོ་ཉ།        2017-07-10

ཁྱེད་ཀྱི་གློ་བུར་བའི་མིག་ཟུང་དེས།

ས་འཛིན་གྱི་སྒལ་ཚིཊ་ལ་མིག་གིས་འཚོས་དང་།

བདག་གིས་ཡུན་རིང་ཞིག་ནས་བསྒོམ་པའི་དབྱངས་ཅན།

རྣམ་དཔྱོད་སྒེར་བདག་ཏུ་བཟུང་ཉིན་ནས།

བདག་གི་པྲ་ཚཊ་ཀྱི་ལང་ཚོའི་ཁྲོད།

སྙན་ངག་གི་བག་མ་ཡེ་ནས་ལེན་མི་ཐུབ་པས།

འདོད་སེམས་ཀྱིས་བརླན་པའི་ཁང་ཁྱིམ་གྱི་མདོ་སྦུག་ན།

བདག་གཅིག་བུ་ཁེར་རྐྱང་དུ་འཚོ་དགོས་བྱུང་།

མ་གཞི། གོ་ལ་ཇེ་ཆུང་དུ་འགྲོ་བཞིན་པའི་དེ་རིང་།

སྙན་ངག་གཅིག་བུ་མི་སེམས་ཀྱི་ཟབ་ས་ན་

འཁྱིལ་བའི་དྲོད་ཁོལ་དེ་མིན་ཞིང་།

སྙན་ངག་ཁོ་ན་དུང་སེམས་ཀྱི་མདའ་མོ་

འཕེན་པའི་བརྩེ་བ་ཉག་ཅིག་དེ་མིན་རུང་།

ཡུན་རིང་ཞིག་ལ་ཁོག་ཏུ་མེ་ལྕེ་བཞིན་འབར་

བའི་བདག་གི་བརྩེ་བ་རུམ་གང་།

ཁྱེད་མེད་ན་ཐ་སྙད་ཚིག་གི་ཕྲེང་བར་བསྟར་ཐབས་མི་འདུག

སྙན་ངག་གི་མེ་ཏོག་ཆུན་པོ་ཡཱ།

ང་ནི་དུས་རྟག་ཏུ་ཁྱོད་ཁོ་ན་སྒུག་བཞིན་ཡོད།

ལྗང་མདོག་གི་རྨི་ལམ་སྦྲུམ་པའི་ཚེ་སྲོག་དང་།

ངུ་མ་དགོད་ཀྱི་རྣམ་ཐར་སྐྱོང་བའི་དབྱངས་

རྟ་དེ་ཁྱོད་ཡིན་ནམ།

ཁ་ཐག་རིང་བའི་རེ་སྒུག་གི་ལོ་ཟླ་ཞིག་ཁྱེད་ལས་འགོ་བརྩམ་དུས།

བདག་གིས་འཚོལ་བཞིན་པའི་ཚེ་སྲོག་གི་ལྗང་མདོག་དང་།

མཛེས་སྡུག་ངོ་མ་དེ་གང་དུ་སྦས་ཡོད།


  • ལེ་ཚན་སྔོན་མ།:སེམས་གཤིས་ཀྱི་རྒྱང་འབོད།
  • ལེ་ཚན་རྗེས་མ།:སྙན་ངག་གི་མེ་ཏོག་ཆུན་པོ།