ཞོ་འཕོང་བུ་མོ།

        2020-05-15

ས་གཞི་ལ་ནེམ་ནུམ་གྱི་རློན་ཤ་རྒྱས།

བོང་བུ་འདེད་པའི་ཞོ་འཕོང་བུ་མོ་ཚོ།

བོང་བུ་དང་མཉམ་དུ་ཞིང་ཁར་སྙེག

ནག་དྲེག་ཆགས་པའི་ཁ་ཐུམ་བརྒྱབ།

དམར་ཤས་ཆེ་བའི་མགོ་དཀྲིས་བཅིངས།

རྔུལ་ཆུས་བསླུས་པའི་གསང་བ་གང་མང་ཞིག

ལས་ཀྱིས་བསྡུས་པའི་ཐོད་པའི་ཁད་ཡིག་ལ་ཕབས།

གནག་སྣུམ་གྱི་ས་ནག་འདོམ་གྱིས་འཇལ་བཞིན།

བོང་བུ་དང་མཉམ་འགྲོ་མཉམ་འདུག་བྱེད་པའི་

ཞོ་འཕོང་བུ་མོས།

བོང་བུར་ས་ཞིང་རྨོ་འཇུག་པའི་ཞོ་འཕོང་བུ་མོ།

ཅི་འདྲའི་ངར་ལ།

ཅི་འདྲའི་སྙིང་རྗེ་མོ་ཞིག་རེད་ཨང་།

༼ ཙ་སུར་སྦྱིན་པ། ༽


  • ལེ་ཚན་སྔོན་མ།:ཁྱོད་མཚོན་པའི་སྙན་ངག
  • ལེ་ཚན་རྗེས་མ།:ཀ་ཕྲེང་རླབས་ཀྱི་ཟེགས་མ།