གོས་དཀར་ནང་གི་དཔའ་བོ་དེ་དག

རྣམ་ཤེས་ཕྲ་མོ།        2020-03-27

རང་ཚེ་སྲོག་འདི་ལས་འདང་ཆེན་ཞིག་མེད་ཀྱང་།།

སྲོག་དམར་པོ་འདི་ཡང་གཞན་དོན་དུ་འབུལ་མཁན།།

དགྲ་གཡུལ་ས་འཐབ་པའི་དེང་རབས་ཀྱི་དཔའ་བོ།།

ལུས་གོས་དཀར་གྱོན་པའི་བྱང་སེམས་ཚོ་བསྟོད་དོ།།

རང་ཁྱིམ་མི་དག་དང་ལྷན་ཚོགས་དེ་མི་ཆོག།

ཟས་ཞིམ་པོ་ཞིག་ཀྱང་ཟ་ཁོམ་དེ་གན་ཡོད།།

ལུས་ཤ་ཁྲག་འདྲེས་པའི་བུ་ཕྲུག་དག་ཡོད་ཀྱང་།།

དེ་སྣང་མེད་དོར་བཞིན་གཞན་དོན་ལ་འཇུག་མཁན།།

འདི་བྱེད་དགོས་སོགས་ཀྱིས་དུང་སྒྲ་དེ་བསྒྲགས་ཀྱང་།།

གནད་འགག་ཏུ་ཕྱིན་དུས་གོ་མེད་ངང་གནས་མཁན།།

དེང་འཇིག་རྟེན་དག་ཏུ་འབུམ་ཕྲག་རང་ཡོད་མོད།།

བཤད་རྐྱང་པ་མ་ཡིན་ལག་བསྟར་དེ་བྱེད་མཁན།།

གནས་རྙོག་འཛིང་ཆེ་བའི་འཇིག་རྟེན་གྱི་ཁམས་ལ།།

འདི་འབྱུང་དང་མི་འབྱུང་བཤད་མཚམས་དེ་དཀའ་མེད།།

གནད་འགག་འགག་རེ་ལ་དཔའ་བོ་རེ་ཡོད་པས།།

དེང་གནད་དོན་འདི་ལ་དཔའ་བོ་དག་མཛད་མཁན།།

ངལ་དལ་མོ་ཞིག་ཀྱང་གསོ་ཁོམ་དེ་མེད་མཁན།།

གཏམ་སྙན་མོ་ཞིག་ཀྱང་བཤད་ཁོམ་དེ་མེད་མཁན།།

ལོ་གསར་བ་ཞིག་ཀྱང་བསུ་ཁོམ་དེ་མེད་མཁན།།

ལུས་རིན་ཆེན་ཕུལ་བའི་དཔའ་བོ་ཚོ་བསྟོད་དོ།།

  • ལེ་ཚན་སྔོན་མ།:མཐོང་གི་མི་འདུག དྲན་གྱི་མི་འདུག
  • ལེ་ཚན་རྗེས་མ།:ལྷ་རྗེ་མི་རུ་བབས་པ།