གླེན་ཕྲུག་མ། 2020-03-26
ཉིས་སྟོང་ཉི་ཤུའི་དཔྱིད་ཀྱི་དཔལ་མོའི་ཞལ་འཛུམ་འོད་འཕྲོས་ཀྱིས་ནོར་འཛིན་སྒེག་མོའི་པང་ལ་
ཕེབས་པར་ཉེ་དུས།
ཏོག་དབྱིབས་ནད་དུག་ནག་ནོག་དྲི་མས་ཡོངས་སུ་བཟུང་བའི་རིམས་ནད་དེས།
དཀར་མཛེས་ནག་པོ་བྱས་སོང་ཟེར།
དུས་དེ་ནས་ཟུངས་ཀུན་ལ་སེམས་ཁྲལ་གྱི་ན་བུན་ལྡང་དུ་བཅུག་ཡོད།མཚན་རྨི་ལམ་གྱི་ཁྲོད་
ནས་ཁྱེད་རང་བདེ་ཐང་ཡིན་པར་རྨིས་རུང་།
ཉིན་རྡབ་ཁྱབ་ཀྱི་ཐོག་ནས་ཁྱེད་རང་ད་དུང་ནད་དེས་བཟུང་ཡོད་པར་ཐོས་དུས།
སེམས་ལ་ཟུག་གཟེར་ལངས་ཤིང་ཡང་བསྐྱར་དཀོན་མཆོག་གི་མདུན་ནས་ཁྱེད་
ཀྱི་ཆེད་དུ་གསོལ་འདེབས་དུ་མ་བྱེད་བཞིན་མཆིས།
ཁྱེད་མྱུར་དུ་དཀར་པོ་དཀར་རྐྱང་འགྱུར་བ་ལ་དུས་ཀྱི་དབྱེ་བ་མེད་པར་དགེ་སྒྲུབ་ཀྱི་
ལས་ལ་བརྩོན་གྱིན་ཡོད།
དེ་ལས་ཀྱང་དཀར་མཛེས་ཀྱི་རྟའུ་ཡི་ཆེད་དུ།
ང་ཚོས་བློ་སེམས་གཅིག་དུ་བསྡེབས་ནས།
དཔུང་བ་མཉམ་དུ་གཤིབ་ཅིང་ཐབས་དང་བཀོད་པ་བཙལ་དང་།
ཉི་འོད་སྔར་བཞིན་དེ་ལྟར་གསལ་ལ་དཔྱིད་ཀྱི་མེ་ཏོག་དེ་ཡང་དུས་ལྟར་བཞད་སྲིད་
ཅེས་འབོད་སྐུལ་སྒྲོག་བཞིན་ཁྱེད་ཀྱི་ཕྱོགས་སུ་སེམས་པ་ཤོར།
ཉིན་དང་ཟླ་བ་རིམ་གྱིས་བརྒལ་ཞིང་།
དུས་ཀྱི་འཁོར་ལོས་འགྲོ་མཚམས་མི་འཇོག་པའི་སྐབས་ཏེ།
སྤྱི་ལོ༢༠༢༠ཡི་ཟླ༣པའི་ཚེས༡༩ཉིན་ལ་ཀུན་གྱིས་ཡུན་དུ་སྒུག་པའི་འོད་
ཟེར་ལམ་ལམ་འཕྲོས་པའི་ཉི་མ་དེ་ཤར་བྱུང་།
རྟའུ་བདེ་སོང་།
དཀར་མཛེས་དཀར་སོང་།
དཀར་མཛེས་ལ་དཔྱིད་ཀྱི་མེ་ཏོག་བཞད་བྱུང་།
རྟའུ་ལ་སྐྱིད་ཀྱི་ཉི་མ་ཤར་བྱུང་།
ཁྱེད་ནི་སུས་ཀྱང་གནོད་འཚེ་མི་ཐུབ་པའི་དཔའ་རྒོད་དེ་ཡིན་པ་
སྔོན་ཞིག་ནས་ཡིད་ཆེས་བརྟན་པོ་ཡོད།
རྩོམ་གསར། 10