རྣམ་རྭ་ས་རྟ 2019-03-18
སྔོན་ཆད་ཀྱི་ལས་དབང་།
ད་ལྟའི་ལས་དབང་།
མ་འོངས་ཀྱི་ལས་དབང་།
ལས་དབང་ཡ། ལས་དབང་།
སྔོན་ཆད་ཀྱི་ལས་དབང་ནི་འདས་ཟིན།
སྔོན་ཆད་ཀྱི་ལས་དབང་ནི།
དགའ་སེམས་ཀྱི་འདོད་པའི་ལས་ཤིག་ཡོད་ཀྱང་ཚར་སོང་ལ།
འགྱོད་གདུང་གི་རྦབ་ཆུ་ལྟ་བུར་བསྒྲིལ་ཡང་ཚར་སོང་།
དགའ་སྐྱིད་གང་ཞིག་ཡོད་ཀྱང་ཚར་སོང་།
ད་ལྟ་ཡི་ལས་དབང་།
སྦྱོང་བཞིན་པའི་ཤེས་བྱ།
ད་ལྟ་ཡི་ལས་དབང་།
བྱེད་བཞིན་པའི་འབད་པ།
ད་ལྟ་ཡི་ལས་དབང་།
འགྱོད་མེད་ཀྱི་ལམ་བུ།
མ་འོངས་པའི་ཁ་ཕྱོགས་ཀྱི་ལས་དབང་།
སྔོན་ཆད་ནི་འདས་ཟིན།
ད་ལྟ་དང་མ་འོངས་ནི་མཐུན་དགོས།
ད་ལྟ་དང་མ་འོངས་ནི་བརྩོན་དགོས།
ད་ལྟ་དང་མ་འོངས་ནི་འབད་དགོས།
ལས་དབང་ཡ། ལས་དབང་།
འདི་ནི། བརྗོད་མེད་ཤེས་པའི་བརྩེ་བ།
འདི་ནི། གཏིང་ཟབ་པའི་བྱ་དངོས།
འདི་ནི། ཞིབ་ཕྲ་བའི་སྣང་བ།
ལས་དབང་ཡ། ལས་དབང་།
དུས་ཚོད་ཀྱི་ལས་དབང་།
སྐྱིད་སྡུག་གི་ལས་དབང་།
བཀོས་པའི་ལས་དབང་།
མི་རྟག་པའི་ལས་དབང་།
འགྱོད་མེད་ཀྱི་ལམ་བུ་ཞིག་བཙལ་ནས་སོང་ན།
དུས་ཚོད་སྔ་ཕྱི་བར་ལ་སྐྲག་མི་དགོས།
འཇིག་མི་དགོས།
ལས་དབང་ཀུན་ལ་བློ་རྩེ་བརྟན་པོ་གནང་ན།
མི་རྟག་ལས་དབང་ལ་ཡང་སྐྲག་མི་དགོས།
བར་དོའི་རྣམ་ཤེས་ཀྱི་ལས་དབང་ལའང་འཇིག་མི་དགོས།
ལས་དབང་ཡ། ལས་དབང་།
ནམ་ཀུན་གྱི་ལས་དབང་།
ལས་དབང་ཡག་པོ་ཞིག་འཛིན་དགོས་པ་ནི།
འགྱོད་མེད་ཀྱི་ལས་དབང་ཞིག་ཡིན་ལ།
འཇིག་སྐྲག་མེད་པའི་ལས་དབང་ཞིག་ཀྱང་ཡིན་སྲིད།
རྩོམ་གསར། 10