གུ་དཔལ་ཤིས། 2019-01-04
ཁ་བའི་མཛེས་སྡུག་གིས་འཛུམ་པའི་སེམས་ཀྱི་མལ་ཤག
བསིལ་རླུང་ཡང་མོས་རེག་པའི་ཚོར་དབྱངས་སྙན་མོ།
རྩི་བཅུད་དྲི་ངད་ཀྱིས་བཟི་བའི་གསེར་སྦྲང་ཆ་གཅིག
ལོ་ལེགས་ཀྱིས་ཕྱུག་པའི་རྨི་ལམ་གྱི་ནས་འབྲུ་སྔོན་མོ།
དུས་བཞིའི་འཇམ་ཤ་བརླན་པའི་སེམས་ཀྱི་འཁྲི་ཤིང་།
དམ་ཚིག་གི་མེ་ལོང་འཆར་བའི་གཡའ་དག་པའི་ནམ་མཁའ།
དགུ་ཚིགས་ཀྱི་གཙང་བོས་སྦྲེལ་བའི་དྲན་པའི་ནང་མ།
ཤ་རུས་པའི་གསེང་ན་ཟུག་པའི་འདང་བརྩེ་ཡི་འོ་དྲི།
གཟུགས་མེད་ཀྱི་དར་ཐག་འཐེན་པའི་ཡ་ཆུང་གི་སེམས་པ།
རྣམ་རྟོག་གི་སྐྲ་ལོ་དཔྱངས་བའི་དུས་མཐའི་གཞིས་ཀ།
གསེར་གྱི་དུང་སྐྱོགས་ཀྱིས་བཅུས་པའི་འོ་མའི་མཚེའུ།
ཟུར་མདའི་མིག་ཟུང་སིམ་པའི་འདང་གི་ཟིལ་བ།
ཞེ་གཏིང་གི་འོ་སྤྲིར་རོལ་བའི་སེམས་ཀྱི་ཨམ་འབྱོག
གཉུག་གཤིས་ཀྱི་སྤོས་དྲི་སྣོན་པའི་འོད་ཀྱི་ཞེ་གླུ།
ཞེན་ཆགས་ཀྱི་མར་ལོར་མྱོང་བའི་གྲིབ་གཟུགས་སེར་པོ།
གྲེ་ངག་གི་གདུང་དབྱངས་འབོད་པའི་རུས་རྐང་གླིང་བུ།
ཡི་གའི་སྣང་བ་འཕྱོ་བའི་ཕ་སའི་དུར་སྒྲོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ