ཤ་ཚིལ་ལྟ་བུའི་དགའ་མ།

ཉི་ཚེ།        2018-07-06

ཞེ་འདང་ལོ་ཟླ་ལ་བསླས་པའི་དཔྱིད་དཔལ་གྱི་མེ་ཏོག།

ཡིད་ཀྱི་མཚོ་ངོགས་ན་འགུལ་བའི་ཕྱིར་དྲན་གྱི་ལོ་མ།།

དུས་ཀྱི་གྲིབ་སོ་ལ་ཁེན་པའི་འདས་སོང་གི་གཏམ་རྒྱུད།།

ལས་ཀྱི་ལང་ཚོ་ལ་བཏགས་པའི་གཡུ་བྱུར་གྱི་མགུལ་རྒྱན།།


སྨྱུ་གུའི་མགྲིན་ངོས་ལས་ལུད་པའི་ཤོག་ངོས་ཀྱི་བློ་སེམས།།

བྱིས་བློའི་བྲང་གཞུང་ལ་ཆགས་པའི་དྭངས་གཙང་གི་རི་མོ།།

འཚོ་བའི་ཁ་དོག་ལས་བཟི་བའི་ཁ་སང་གི་རྨི་ལམ།།

འུ་གཉིས་ཕན་ཚུན་ལ་བསྲེས་བའི་ལྷད་མེད་ཀྱི་མཛའ་བ།།


སྣང་བའི་མཚན་ལྗོངས་ལ་དུད་པའི་སྟོན་དུས་ཀྱི་ལོ་འབྲས།།

རང་སེམས་ཕ་མཐའ་ནས་རྒུམ་པའི་ཐོ་རངས་ཀྱི་སྐྱ་མདའ།།

ལ་ཁའི་སྤྲིན་པ་ལ་འདྲེས་པའི་ཚིག་ཚོགས་ཀྱི་ལུག་ཁྱུ།།

ཇག་ལམ་རིང་མོ་ལ་ཞུགས་པའི་བྱབས་ཁྲུས་ཀྱི་ཚིལ་ལུ།།


བསྐལ་བ་ཚེ་རབས་ལ་བསགས་པའི་ལས་འབྲས་ཀྱི་འུ་གཉིས།།

དུང་ཤགས་འཁོར་བ་ལ་བསྙལ་བའི་ནས་ཆང་གྱི་རོ་བཅུད།།

ཉི་ཟླའི་འཆར་ནུབ་ལ་བཏབས་པའི་འཇིག་རྟེན་གྱི་སྣང་བ།།

གཅིག་སེམས་གཅིག་ལག་ན་གཅེས་པ་དམ་ཚིག་གི་མདུད་དོ།།


  • ལེ་ཚན་སྔོན་མ།:ཁྱེད་རང་དྲན་པ།
  • ལེ་ཚན་རྗེས་མ།:ཀུ་མཱ་ར།