སྐར་མ་མིག་དམར།

སྒོ་ཡོན།        2015-05-06

ང་རང་ཅི་ཡིན་མི་ཤེས་སྐར་མ་མིག་དམར།།
ཤར་དང་ལྷོ་ཡི་མཚམས་ན་ཡར་འགྲོ་མར་འགྲོ།།
སྤྲིན་དང་སྨག་རིམ་སྟེང་ལ་ཕར་སྤོ་ཚུར་སྤོ།།
ལུས་དང་ལོངས་སྤྱོད་མི་འཛོམས་སྣང་བ་ཙམ་ཞིག།
འཁོར་ལ་རྡོག་པའི་བཞུར་སྒྲ་ཡང་ཞིང་ཡལ་བ།།
མདུན་ལ་འཇིག་རྟེན་མི་གསལ་ལམ་བུ་ཆུང་ཆུང་།།
ལམ་ལ་དུར་ཁྲོད་མ་རྙེད་རུས་པའི་རོལ་དབྱངས།།
གསུང་ལ་སྒྲ་སྙན་མི་མངའ་རྟོག་པ་རང་འཁྱིལ།།
ང་རང་ཅི་ཡིན་མི་ཤེས་སྐར་མ་མིག་དམར།།

  • ལེ་ཚན་སྔོན་མ།:ཕུགས་བསམ།
  • ལེ་ཚན་རྗེས་མ།:ཁམས་པའི་བུ་མོ།