
དྲུག་སྟོང་སྨིས་ལྡན་ཁ་བ་དཀར་པོས་ཐ་ཚིག་བསྒྲགས་ལ་མི་ཉན་པར།།
རྒྱ་ཡན་གཤིས་ཀ་རང་དབང་བཏང་སྟེ་ཚད་ལས་བརྒལ་བ་བྱས་སོ་ཟེར།།
འགན་ལྗིད་ལམ་རིང་རྫ་ཆུ་སྔོན་མོར་ལམ་བཏོད་སྐྱེད་མ་བྱེད་པའི་ཆེད།།
སྨིས་ཁྲིའི་ལྗགས་རིང་ཕངས་མེད་བརྐྱངས་ཏེ་ཡུར་ལམ་ལྡག་པ་མ་རྟོགས་སམ།།
སྣ་མང་མཚར་སྡུག་མེ་ཏོག་བཟོ་མཁན་ཕྱེ་ལེབ་ཡིན་ཡང་དམན་དུ་འཕེན།།
གངས་རིར་ཁ་བ་འབབས་ཐེངས་རེ་རེར་ནམ་མཁས་དཀའ་སྡུག་མྱོང་རྟོགས་ཏེ།།
རྒྱ་མཚོས་རྟག་ཏུ་རླངས་དྲོད་བསྙལ་ནས་མཁའ་དབྱིངས་སྤྲིན་པ་བྱུར་བུར་བལྟམས།།