༡ཨ་ཕོ་རང་གིས་མ་འཇོན་ན།།
སྐྱབས་མི་ལ་བཅོལ་བ་ལས་ཀྱི་མཐའ།།
༢ཨ་ཡོད་ནང་གི་ད་ཡོད།།
སྒོ་ངའི་ནང་གི་སེར་རིལ།།
༣ཨ་མའི་པང་ལ་སྡོད་དུས་སྐྱིད་མ་བསམ།།
མི་ཡུལ་གཞན་དུ་སླེབས་དུས་སེམས་པ་སྐྱོ།།
༤ཨ་ཁུ་ལུག་རྫི་སྡོད་ཤེས་ན།།
གཡང་དཀར་ལུ་གུ་འཁོར་ཤེས།།
༥ཨ་གསར་སྲན་མའི་མེ་ཏོག །
ཟླ་བ་གཅིག་ལ་ཡལ་སོང་།།
༦ཨ་གསར་རྟ་ལས་མགྱོགས་པ།།
གཞུ་གུ་ལུག་ལས་ཐུང་བ།།
༧ཨ་བྲས་ཚེ་གང་བསགས་པ་དེ།།
མཛོ་ཕོས་ཁ་གང་ལ་བཟས།།
༩ཨ་ཡག་དགོས་ན།།
ཨ་ཚ་སྒོམ།།
༡༠ཨ་མ་ཤོད་མཁས་ན།།
བུ་སྤྲུལ་པའི་སྐུ།།