༡.དུས་ལ་བབ་ན།ཤ་མོས་སྤང་བརྟོལ།
༢.ཆུ་ཕྱེད་ཀ་བརྒལ་ན།ཧ་ཕྱེད་ཀ་གོ།
༣.རིལ་རིལ་རྦ་ལ་ཤོར་བར།འཇོང་འཇོང་གིས་ལྟད་མོ་མ་བལྟ།
༤.ཁྲེལ་མེད་གསོན་པ་ལས།བག་ཡོད་ཤི་བ་དགའ།
༥ . སྤྱང་ཀི་མ་ལྟོགས་ཙམ་དང་།ལུ་གུ་མ་ཤི་ཙམ།
༦.སྣམ་བུ་དཀར་པོའི་ཚོས་མདོག་གང་ལ་བསྒྱུར་བསྒྱུར།
༧.རྡོ་རྗེ་གོ་ཁར་ལྷུང་ན།བུ་ཆུང་གི་རྩེད་ཆས།
༨.དར་ལྕོག་སྡོད་དུས།རླུང་བུས་མི་འཇོག
༩.བདེན་པ་རང་ཆེ།ཧམ་པ་མི་ཆེ།
༡༠.སྟག་མོ་ལྟོགས་ཀྱང་།རང་ཤ་མི་བཟའ།
༡༡.སྟག་ཐིག་ལེ་ཅན་དེ་ནགས་ལ་སོང་།ཁྱི་རྔ་མ་ཅན་དེ་ཤུལ་ན་ལུས།
༡༢.ཐལ་བ་གནམ་ལ་གཏོར་ན།ཕྱེད་ཀ་རང་གི་མགོ།
༡༣.ལྟོ་གར་ཟོས་ཀྱི་སྒོ་ཁྱི།
༡༤.དཀར་ཡོལ་ཆག་ཀྱང་།རི་མོ་བློ་ལ་ངེས།
༡༥.བཀའ་རྡོ་རྗེ་གཅོད་པ།གསུང་སྤུ་གྲི་ངར་མ།
༡༦.རྐང་པ་ས་ལ་མ་ཚུགས་པར།མགོ་བོས་གནམ་བརྟོལ་རྒྱུ།
༡༧.རྐྱང་ལ་རྔོ་ཤོར་ན།རི་དྭགས་ཀུན་རྫད།
༡༨.སྐམ་སའི་ཕྱག་རྒྱ་དེ།རློན་པའི་ཆུ་ནང་མི་ཡོང་།
༡༩.སྐེ་འདོད་ན་ཡང།ལྦ་བ་མི་འདོད།
༢༠.སྐྱུགས་བྲོ་ཡང་།ཨ་མའི་ལྟོ་ཕོར།
༢༡.སྐྲ་རྩེ་རླུང་གིས་བསྐྱོད་ཀྱང་།སྐྲ་རྩ་ཀ་ལིར་འབྱར་ཡོད།
༢༢.ཁ་ལ་ཕུད་ན་སྨན།ཁོག་ལ་བཅུག་ན་དུག
༢༣.ཁ་ཤས་བླ་མ་བསམ།ཁ་ཤས་ཚོགས་འཁོར་བསམ།
༢༤.ཁའི་དེ་བཞིན་གཤེགས་པས།ལུས་ཀྱི་སྒྲིབ་པ་མི་དག
༢༥.ཁག་འཇོག་ས་ཁ་དཀར་རྐྱང་།མདའ་འབེན་ས་བྲེ་སེར་འབྲོང་།
༡༦.ཁྱི་རྒན་རྩིག་ཁུག་ལ་བཀར་ན།མཆེ་བ་མི་གཙིགས་ཀ་མེད།
༢༧.ཁྱི་དང་ཉེ་ན།རྨ་དང་ཉེ།
༢༨.ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།
༢༩.གྲི་རྟུག་པོས་ཤ་མི་ཆོད།
༣༠.རྟ་ཐོག་ནས་གྲོག་མ་མི་རིག
༣༡.གློ་བ་ལ་མ་ཕན།མཆིན་པར་གནོད།
༣༢.དགོས་པའི་ལྷ་ཁང་ནག་པོར་བཞག མི་དགོས་བྲག་ལ་སྐུ་དཀར་གསོལ།
༣༣.མགོ་འོག་ཏུ་ལུས་ཆུག་པ།
༣༤.མགོ་ལས་དཔུང་པ་མཐོ་བ།
༣༥.མགྲོན་པོ་གསར་པ་ལ་སྣེ་ལེན་བྱེད་ཆེད།གུ་ཡོག་རྙིང་པ་མེ་ལ་འབུད།
༣༦.རྒན་མོ་གསེར་ཁུར་གྱི་དུས་ལས།རྟ་པ་མདུང་ཁྱེར་གྱི་དུས་མིན།
༣༧.རྒྱ་ཇ་ཞན་ལེ་ཡིན་ནམ།བོད་ཆུ་ངན་ལི་ཡིན།
༣༨.རྒྱ་མཚོ་སྐམ་ནུས་ན།སྦལ་པ་འཆི་ནུས།
༣༩.རྒྱལ་པོའི་རྒྱལ་ས་མ་བདེ་ན།སྤྲང་པོའི་ཉལ་ས་མི་བདེ།
༤༠.རྒྱུ་མ་ཆད་ནའང་།གསོན་པོའི་རེ་བ།
༤༡.སྒྱེ་མོ་སྟོང་པས།རང་ཚུགས་མི་ཟིན།
༤༢.སྒྲོན་མེ་འོད་སྣང་གསལ་ཡང་།རང་གི་ཞབས་ར་མི་གསལ།
༤༣.ངང་པ་མཚོ་ལ་འབབ་པར།ཉ་མོ་སྐྲག་དོན་མེད།
༤༤.རྔ་མོང་ཆེ་རུང་སྒོ་ཕྱུགས།རི་བོང་ཆུང་ཡང་རི་དྭགས།
༤༥.སྔ་མ་ཁ་བརྡབས་པར།མཇུག་མ་དགོད་ཁ་མ་ཤོར།
༤༦.སྔར་མགོ་ཡི་ཞྭ་ཉན་པ་དེ།ད་རྐང་པའི་ལྷམ་མི་ཉན།
༤༧.སྔར་སྦྲུལ་ཁྲ་བོས་སྲོག་བཅད།ད་ཐི་གུ་ཁྲ་བོར་ཡིད་མ་ཆེས།
༤༨.བཅུ་གསུམ་ཁོག་རྩིས་མ་ཤེས་ན།གྲོང་པའི་ཨ་ཕ་ག་ལ་ཡོང་།